[A:546]མ་ཞལ་གཉིས་མའི་གཞུང༌། དེ་ཁོ་ན་ཉིད་གྲུབ་པའི་འགྲེལ་པ་དངོས་གྲུབ་བརྙེས་པའི་སློབ་དཔོན་པཎྜི་ཏ་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་སཱ་དྷུ་ཀཱིརྟི་དང༌། བི་ན་ཡ་ཤྲཱི་དང༌། འབྲས་ཁུད་པ་གོང་མ་ལས་བརྒྱུད་དེ་འོངས་པ། སློབ་དཔོན་འབྲས་ཁུད་པ་ལས་ཐོས་ཤིང༌། བསྲུང་བ་དང་གསོ་དཔྱད་པ་ལ་སོགས་པའི་རིག་པ་མང་ཞིག་ཀྱང་མཉན་ནོ། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ།
སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་པ། ཐ་ག་ན་པ། བྷུ་ཤ་ན་པ། ངག་གི་དབང་ཕྱུག་གྲགས་པ། བི་མེ་ན་ཤཱནྟི་པ། བྷྲྀངྒ་ར་པཱ་དཱ། ཤྲདྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། སྐྱང་པོ་ཆོས་ཀྱི་བློ་གྲོས། གཅུང་ཞང་ཁྲི། གཉན་པ་སྐྱོགས་སྟོན༑ ཁུ་འཇིག་གཞོན་ནུ་རིན་ཆེན། གཙང་རོང་པ་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་མཁར། གཡག་སྡེ་པ་དབང་ཕྱུག་རིན་ཆེན། ཁམས་སྟོན་ཤཱཀྱ་རིན་ཆེན་རྣམས་ལས་བརྒྱུད་ནས་སློབ་དཔོན་དགེ་བའི་བཤེས་གཉེན་སྡོམ་བརྩོན་དམ་པ་མངོན་པ་བ་དབང་ཕྱུག་བརྩོན་འགྲུས་ལས། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་སོ། །ཡང་ཆོས་རྗེ་ས་སྐྱ་པ་ཆེན་པོའི་སློབ་མ་ནེ་ཚོ་སྦལ་སྟོན་ལས་བརྒྱུད་པ། བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དང༌།
ཡང་ཆོས་རྗཻ་ས་སྐྱ་པ་ཆེན་པོ་ཉིད་དང༌། སྟག་སོ་བ་ཁུ་དབོན་ལས་བརྒྱུད་པ་དགེས་པའི་རྡོ་རྗེ་ནས་གླིང་མར་གྲགས་པའི་དབང་བསྐུར་བ་ཞུས་ནས་དེ་དག་གི་སྒྲུབ་པའི་ཐབས་རྣམས་ཀྱང་མཉན་ནོ། །རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཟླ་བ་པ། ལངྐ་ལི་པ། འབར་བའི་གཙོ་བོ། དགེ་བའི་མགོན་པོ། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ། མར་དོ་ལོ་ཙཱ་བ། ཆོས་ཀྱི་དབང་ཕྱུག གཟེ་བ་བློ་ལྡན་སེང་གེ་སྲས་གཟེ་བ་དོན་གྲུབ་ཡེ་ཤེས། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ་རྣམས་ལས་