R1116: ལུང་དང་བརྒྱུད་པ་སྣ་ཚོགས་ཐོབ་པའི་གསན་ཡིག

  • Pagination (Witness A): 558
[A:558]ཀྱི་གསང་བ་གཉིས་སུ་མེད་པའི་རྒྱུད། མཚན་ཡང་དག་པར་བརྗོད་པ་རྣམས་ཐོས་སོ༑༑ ༑༑ཇོ་བོ་རྗེ་དང༌། བྷ་དནྟ་དང༌། གཉོས་ལོ་ཙཱ་བ་ནས་བརྒྱུད་ནས། ཀ་བ་ཇོ་འབུམ་དང༌། གཉི་མོ་བ་སེང་གེ་རྒྱལ་མཚན་ལས། སློབ་དཔོན་སངས་རྒྱས་འབུམ་གྱིས་གསན་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་པ་ཐོས་སོ།། །།སངས་རྒྱས་བྱམས་པ། ཐོགས་མེད། དབྱིག་གཉེན། བུདྡྷ་པ་ལི་ཏ། བུདྡྷཱ་ཛྙཱ་ན། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། ཤཱནྟི་པ། ཛྙཱ་ན་ཤྲཱི། གཉགས་ལོ་ཙཱ་བ། ཤཱཀྱ་བློ་གྲོས། དྭགས་ཁྱུང་གཉིས། ལྷ་རྗེ་ཁྱེམ་པ། སོ་ཆོས་ཤེ ལྷོ་པ་ཀུན་མཁྱེན། ཆོས་ཀྱི་བློ་གྲོས། སློབ་དཔོན་རིན་ཆེན་བཟང་པོ་ལས་གསན་ནས་བརྒྱད་སྟོང་པའི་འགྲེལ་པ། སློབ་དཔོན་ཤཱནྟི་པས་མཛད་པའི་སྙིང་པོ་མཆོག ཉི་ཁྲིའི་འགྲེལ་པ་དག་ལྡན་དང༌། ཡང༌། ཨ་བྷ་ཡ། ཤུད་པོ་ལོ་ཙཱ་བ། སོ་ཆོས་ཤེ་དར་མ་སེང་གེ ཆོས་དཔལ༑ རིན་བཟང་ལས་བརྒྱུད་ནས། བརྒྱད་སྟོང་པའི་འགྲེལ་པ་ཨ་བྷ་ཡ་ཀ་རས་མཛད་པ་གནད་ཀྱི་ཟླ་ཟེར་རྣམས་ཐོས་སོ།། །།ཇོ་བོ་རྗེ། འབྲོམ་སྟོན་པ། རིན་ཆེན་གསལ། ཡོན་ཏན་གྲགས། རྡོ་རྗེ་འབུམ། རྣམ་མཁྱེན། སློབ་དཔོན་ཆོས་མགོན་པོ་ལས་བརྒྱ྄ུད་ནས། སློབ་དཔོན་སངས་རྒྱས་འབུམ་ལས་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ། ཉན་ཐོས་ཀྱི་སློབ་དཔོན་ཆེན་པོ། པྲཛྙཱ་ཝརྨ་ཞེས་བྱ་བས་ཐོས་སོ༑ ༑སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ལས་བརྒྱུད་ནས། སློབ་དཔོན་སྟོན་ཆོས་ལས་གསན་པ། ཤེས་རབ་སྙིང་པོའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ་ཐོས་སོ། །སློབ་དཔོན་སྟོན་ཆོས་ལས་གསན་པ། སངས་རྒྱས་རྗེས་དྲན་གྱི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཐོས་སོ། །ཡང་ལྷ་སའི་སློབ་དཔོན་ལྡོག་ལས་གསན་པའི་ཚུལ་གསུམ་གྱི་སྒྲོན་མ་ཡང་ཐོསསོ། །ཡང་སློབ་དཔོན་