R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༡༧བ
[A:༡༧བ] ཡོངས་ཤེས། ཞལ་ཤེས་དྷརྨ་ཤྲིས་བཀོད་པ་རྣམས་བསན་ནོ། མཁན་ཆེན་དཔལ་གྲུབ་པ་ལ། གྲུབ་ཐོབ་བརྒྱད་བཅུ་རྩ་བའི་རྗེས་སྣང། གྲལ་ལྔ་དབང་དང། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཚིགས་སུ་བཅད་པ་སོགས་ཚང་མ་ཆོས་རྗེ་སྤྱན་སྔ་བསོད་བཟང་པའི་དྲུང་དུ། བ་རི་བའི་རིག་པ་འབུམ་ཆེ་ཆུང་གི་སྐོར། མི་ཉག་བསོད་རྒྱལ་ལ་མར་པའི་ཤོག་ཧྲིལ་བཞི། དུས་ཕྱིས་བླ་མ་དྷརྨ་གྲགས་ལ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང། གསང་འདུས་བྲེད་རྣམ་ལམ་དབང་གསན་ནོ། Lamdre from Sa skya bu ston ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ། ས་སྐྱ་བུ་སྟན་གྱི་དྲུང་དུ་ལམ་འབྲས་དང་བཅས་པའི་དབང་བྱིན་རླབས་ཞུས་པ་ལ། ཀྱེ་རྡོར་གྱི་དབང་ཡོངས་རྫོགས། ལུས་དཀྱིལ་གྱི་དབང། འདོད་མའི་བྱིན་རླབས་ཡིག་བརྒྱའི་བཟླས་ལུགས། ཨཥྚའི་བཟླས་ལུགས་བཤད། བྱད་ཟློག། རྟེན་འབྲེལ་བསྲུང་བ། འབིར་བསྲུངས། བཟླས་བརྗོད། ཆུ་གཙང། དྲི་ཆུ ལོ་ཟླ་གྱི་ཕྱག་རྒྱ། དབུ་མའི་སྣ་དགག་པ། ཉལ་ཚེ་སྣ་བུག་གཡག་ཐེན་ཆུང་གཡས་པས་དགག་པ། ཕྱོགས་བསྲུང་བ་སྡེ་དགུ། དབང་བཞི་ངོ་སྤྲོད། གསང་དབང་གི་རབ་དབྱེ། བརྡ་ཚིག་རྒྱུད། ཕྱག་ཆེན་ཡི་གེ་མེད་པའི་བྱིན་རླབས། ཚར་གསུམ་ཁུག་པའི་བྱིན་རླབས། ཕྲིན་ལས་བུམ་བཅུ་རྩ་གཉིས་ཀྱི་འཁོར་ལོ། བརྡ་དོན་གསལ་བ། ཁྲིད་ཀྱི་གཞུང་ཤིང། ལམ་ཟབ་བླ་མའི་རྣལ་འབྱོར། ལམ་བསྡུས་སྟེ་བསྒྲུབ་པ།་རྒྱ་བོད་ཀྱི་བླ་མའི་ལོ་རྒྱུས་རྒྱས་པ། རྒྱུད་པ་དགུའི་ལོ་རྒྱུས། གནད་དུ་ཆེ་བ་གཞུང་བཤད་ཉེར་གཅིག། ལམ་འབྲས་དོན་བསྡུས་ཨ་སེང་མ། རྗེ་བཙུན་ཆེན་པོས་མཛད་པའི་སྐར་ཆག། འཁོར་འདས་དབྱེར་མེད་རྩ་འགྲེལ། དབང་བཞིའི་ཆོ་ག་མཐའ་དག་མདོར་བསྡུས། བདུད་རྩི་རི་ལུ་སྒྲུབ་པ། གེགས་སེལ་གྱི་ཡི་གེ། བྱུང་རྒྱལ་དུ་མི་བཏང་པའི་གནད་བཞི། ལུས་འཁྲུས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྩ་བ་མེད་པའི་ལམ་འབྲིང་པོ། ལམ་འཇུག་ལྡོག། ཕྱག་རྒྱ་འཇུག་ལྡོག། ཤེས་པས་ཕན་འདོད་པའི་མན་ངག་བདུན། ལམ་སྲེ་བ། ཕྱི་ནང་གི་མཛད་པ་བཅུ་གཉིས། གསང་བཅུ་རྩ་འགྲེལ། ཡིག་རྒྱ་ལ་རྟེན་པའི་བཟླས་པ། ཁྲུས་ཆོག་སྦྱིན་སྲེག། བསྲུང་འཁོར། ཚར་གསུམ་ཁུག་པ་དབང།