[A:༤༠བ] བུ་ཡི་ཉེས་པ་ཕ་མས་འཆོས་པ་དང། མངོན་སུམ་བཞུགས་ཞིང་མགོན་སྐྱབས་གཞན་མེད་པས། རྗེས་སུ་གཟུང་ནས་དངོས་གྲུབ་རྣམས་་རྩོལ།
སྐྱེ་པ་ཀུན་ཏུ་ཡང་དག་བླ་མ་དང། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱད་ནས། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། རྡོ་རྗེ་འཆང་གི་གོ་འཕངས་མྱུར་ཐོབ་ཤོག།
ཅེས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་གཉག་ཕུ་པ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ལ། རྣམ་ཐར་གྱི་སྒོ་ནས་སྟོད་པའི་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བ་འགྲེལ་པ་དང་བཅས་པ་འདི། དེ་ཉིད་ལ་རྩེ་གཅིག་ཏུ་དད་པའི་གྲོགས་མཆེད་དང། གདུལ་བྱ་དུ་མས་བཀུལབསྐུལ་བ་དང། རང་ཉིད་ཀྱི་དད་པ་གསོལ་བའི་རྗེད་བྱང་ལ་དམ་པ་དེ་ཉིད་ཀྱི་ཞབས་པདྨོ་ཡུན་རིང་དུ་བརྟེན་པ་བསྟེན་པ་དང་རྩེ་གཅིག་ཏུམོས་པའི་དད་པ་ཐེགས་པས་མཉེས་པར་བྱས་པ། བཀའ་བཞི་འཛིན་པ་ཡོན་ཏན་བཟང་པོ་ཞེས་བགྱི་པས། བསྙན་སྔགས་དང། སྡེབས་སྦྱོར་དང། སྒྲོ་བཏགས་ལ་སོགས་པའི་རྒྱན་སྤངས་ཏེ། གསུང་ངག་དང། སློབ་དཔོན་ནོར་བུ་བཟང་པོའི་གསུང་ཇི་བཞིན་བྲིས་པ་ལགས། དེ་ལས་བྱུང་པའི་དགེ་བ་གང་ཡོད་རྣམས། མཁའ་མཉམསྙམ་འགྲོ་བ་ཀུན་ལ་སྨིན་གྱུར་ཅིག། ཀུན་ཀྱང་འོད་དཔག་མེད་པའི་ཞིངས་ཁམས་སུ། པདཔོད་མོ་ལས་འཁྲུངས་འགྲོ་བའི་དཔལ་གྱུར་ཅིག།
དེ་དང་འཁྲུལ་པའི་ཉེས་སྐྱོན་ཅི་མཆིས་པ། ཡེ་ཤེས་སྤྱན་ལྡན་མཁྱེན་ལྡན་རྣམས་ལ་བཤགས། སྒོ་གསུམ་དགེ་བའིཔའི་དངོས་པོ་ཅི་མཆིས་པ།། དུས་གསུམ་རྒྱལ་བའིཔའི་མཛོད་འཛིན་དགྱེས་ཕྱིར་བསྔོ།
མ་སྟྭས་སརྦ་ག་ཛ་སྟཾ། ཨོཾ་ཨ་ཧཱུཾ། མངྒྷལཾ།།