[A:༢༥བ] བཟང་པོ་ཟེར་གསུང་ནས། ཆོས་རྗེ་ཁོ་རང་གིས་མཁྱེན་ནས་ལུང་བསྟན་པ་བཞིན་དུ། ཀོང་པོ་ནས་གདན་འདྲེན་བྱུང་པའི་ལུགས་བཞིན། དེ་དུས་ཚོགས་ཀྱི་མཁན་པོ་མཛད་ནས། ལོ་བདུན་འགྲོ་ལ་ཁད་པ་ཡིན་པས། ཚོགས་པ་གཙང་དུ་གཞུགས། རྗེ་པའི་ཕྱགས་ཕྱི་སྒྲེས་པ་མཁེན་རྒྱལ་མཚན་དཔལ་བས་མཛད། ཀོང་པོར་ཕེབས་པ་ན། སྤྲུལ་སྐུ་རིན་པོ་ཆེའི་གསུང་གིས། ད་འགྲུལ་པ་རྣམས་[B:156]ཀྱི་ཇ་འདྲེན་
ལ་
འགྲོ་རན་གསུང། གང་ལ་འབྱོན་མི་ཤེས་པས། ཅུག་བྱེད་ཞུས་པས། ཆུ་འདི་ལམ་དུ་བཟུང་ནས་སོང་གསུང་ནས། ཇ་འདྲེན་པ་ཚུགས་ཁག་གསུམ་གྱི་སར་སླེབས། དེ་ནས་སྐུ་འདུན་དང་ཉེ་བར་ཕེབས་པ་ན། སྤྲུལ་སྐུ་རིན་པོ་རྒོད་མ་དཀར་པོ་ཆེ་ཆུང་དེ་འདྲ་གཅིག་ལ། ཆིབས་ནས་བསུ་བ་ལ་བྱོན་པ། ཕྱག་ཕུལ་བས་ཆིབས་ཀྱང་མ་གཞོལ། དབུ་ཞའང་མ་ཕུད་པར། ཕྱག་གིས་བྱིན་རླབས་མཛད་པས། ཇོ་གདན་ཕྱགས་ཕྱིར་ཡོད་པ་རྣམས་བློ་ཐེ་ཚོམ་དང་བཅས་པར་གྱུར། སང་ཉིན་རབ་ཏུ་བྱུང་རྗེ་པའི་ཞབས་ལ་བཏུགས་པའི་ཕྱག་མཛད་དགོས་དུས། སློབ་དཔོན་ཤག་ཡོན་པས་དར་གཅིག་གི་ཞབས་གཡོག་པ་ན། སྤྲུལ་སྐུ་རིན་པོ་ཆེའི་གསུང་གིས། དེ་མི་ཉན་གསུང་ནས་དར་གསལ། ཞབས་ལ་དབུའི་གཙུག་གཏོར་བཏུགས་པའི་ཕྱག་མཛད། ད་ངའི་
གཙུག་ན་ཡོད་པ་ཡིན་གསུང། དེར་གདམས་པ་མང་དུ་ཕུལ་ཞིང་བྱང་སེམས་པ་དང་། གསང་སྔགས། སོ་ཐར་སྡོམ་པ་གསུམ་ལྡན་དུ་མཛད། དཔོན་སློབ་ཀྱང་རྟེན་འབྲེལ་འགྲིག། འབུལ་བ་དཔག་ཏུ་མེད་པ་མཛད། དུས་ཕྱིས་བསྙེན་རྫོགས་ཀྱི་དུས། ཚོགས་ཀྱི་མཁན་པོ་དྲུང་རིན་པོ་ཆེ་དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ལ་གཏད་ནས་དབྱེན་པ་ལ་གཞུགས་པའི་སྐབས་ཡིན་པས། རིན་པོ་ཆེ་ཡོན་ཏན་བློ་གྲོས་པ་ཕྱགས་ཕྱིར་བྱོན། མར་ལམ་ཀོང་པོ་སྟོད་ཀྱི་ལ་གཅིག་ལ་འཛེགས་དུས། རྣམ་སྲས་རྟ་བརྒྱད་གནོད་སྦྱིན་བྱེ་བའི་དཔུང་གིས་བར་སྣང་ནས་བསུ་བ་ལ་བྱོན་པའི་གཟིགས་སྣང་ཀྱང་བྱུང་པར་གྲགས། སྤྲུལ་སྐུ་རིན་པོ་ཆེའི་དྲུང་དུ་ཕེབས། བསྙེན་རྫོགས་ཀྱི་སྡོམ་པ་ཕུལ།
Foundation of 'Tshal min, ff. 26a9-
དེ་ནས་[B:157]དུས་ཕྱིས་མྱ་ངན་ལས་མ་འདས་ཀྱི་བར། དུས་འཁོར་