[A:༦༠ན]༄༅། །ཅིང་འགྲོ་བའི་རྒྱུད་རྣམས་སྨིན་པར་མཛད།
།ཆོས་ཚུལ་མ་འདྲེས་གསལ་བར་རྣམ་འབྱེད་ལྡན་སྣ་ཚོགས་སུ།
།བཅོམ་ལྡན་སྨྲ་བའི་དབང་ཕྱུག་ཐམས་ཅད་མཁྱེན་པ་ལུས་ཅན་གཙུག་ན་རྒྱལ།
།མཁྱེན་པའི་དཀྱིལ་འཁོར་མཁའ་ལ་རྒྱས་པའི་མི་ཤེས་མུན་པའི་ཚོགས་བཅོམ་ཞིང།
།ཐུགས་རྗེའི་འོད་དཀར་ཕྱོགས་བཅུར་འཕྲོས་པས་འགྲོ་གསལ་བར་མཛད།
།དཔལ་ལྡན་ཡོན་ཏན་ཀུན་གྱིས་རབ་བརྒྱན་དྲི་མེད་ཟླ་བ་ལྟར་དཀར་བ།
།མཁྱེན་པའི་གཏེར་གྱུར་འཇམ་པའི་དབྱངས་ཞེས་བཅོམ་ལྡན་གང་དེ་རྒྱལ་གྱུར་ཅིག།
།ཕྱོགས་བཅུའི་ཞིང་དུ་རྒྱལ་བ་སྲས་བཅས་ཀུན་བཟང་མཆོད་སྤྲིན་སྤྲིན་ཕུང་ཚོགས་ཀྱིས་མཉེས་བྱེད་ཅིང།
།རྒྱལ་བའི་གསུང་རབ་མ་ལུས་འཛིན་ཅིང་སྣ་ཚོགས་འགྲོ་ལ་སྤྲུལ་པ་དུ་མས་དབུགས་འབྱིན་མཛད།
།རྒྱལ་སྲས་རྒྱ་མཚོའི་ཚོགས་ཀྱི་དབུས་སུ་ཐེག་ཚུལ་མ་ལུས་གསལ་བར་བྱེད་པ་སྨྲ་བའི་མཆོག།
།རྒྱལ་སྲས་ཀུན་གྱི་མཛད་པ་མ་ལུས་གཅིག་ཏུ་འཛིན་མཛད་མི་ཕམ་མགོན་དེ་སྤྱི་བོས་བསྟན།
།ཐུབ་བསྟན་ཉིན་མོར་བྱེད་པའི་སྣང་བྱེད་མཆོག།
།རྟག་ཆད་རི་བོ་འཇོམས་པའི་རྡོ་རྗེ་སྟེ།
།སྐལ་ལྡན་རེ་བ་སྐོང་བའི་དཔག་བསམ་ཤིང།
།ཀླུ་སྒྲུབ་ཀླུ་ཡི་དབང་པོས་དགེ་ལེགས་སྩོལ།
།ཇི་སྙེད་[-] ཤེས་བྱའི་དོན་ཀུན་ལེགས་གཟིགས་ཤིང།
།རྣམ་མང་མདོ་སྡེའི་དགོངས་པ་འབྱེད་པ་ལ།
།ས་གསུམ་འདི་ན་ཕུལ་བྱུང་མཛད་པ་ཅན།
།ཐོགས་མེད་ཤེས་བྱའི་མཁྱེན་ལྡན་གང་ང་རྒྱལ།
།རབ་འབྱམ་ཞིང་དུ་རྒྱལ་བ་སྲས་བཅས་ཀྱིས།
།གདུལ་བྱའི་དབང་པོ་ཁམས་དུ་བསམ་པ་ཡི།
།རིམ་པས་ཆོས་ཚུལ་ཇི་སྙེད་བཀའ་སྩལ་པ།
།དྲང་དང་ངེས་པའི་མདོ་སྡེ་གཉིས་སུ་ངེས།
།དེ་དོན་ཇི་བཞིན་རྣམ་[-] པར་འབྱེད་པ་ལ།
།རྒྱལ་བས་མདོ་སྡེར་རྣམ་གྲངས་མང་པོར་ཡང།
།ལེགས་པར་བསྔགས་པའི་རྒྱལ་སྲས་ཀླུ་སྒྲུབ་དང།
།ཤིང་རྟ་ཆེན་པོ་དཔལ་ལྡན་ཐོགས་མེད་ཀྱི།
།ཚུལ་གཉིས་ཤིང་རྟའི་གཞུང་ལ་ཞུགས་ནས་ནི།
།རིགས་པའི་སྟོབས་ཀྱིས་འཕགས་རྣམས་བགྲོད་པའི་ལམ།
།ལེགས་པར་རྙེད་ཅིང་དཔལ་ལྡན་འཇིག་རྟེན་མགོན།
།ཆོས་ལ་སྤྱན་གྱུར་རྣམས་ཀྱི་གཞུང་ལས་འབྱུང།
།ཀླུ་སྒྲུབ་[-] ཐོགས་མེད་གཉིས་ཀྱི་གཞུང་ལུགས་ལ།
།བློ་གསལ་མང་ཐོས་མང་དུ་བྱུང་མོད་ཀྱི།
ཡང་དག་རིགས་པའི་དོན་ལ་གོམས་མཛད་ཅིང།
།གཞུང་མང་འཆད་དང་སྦྱིན་སོགས་གཏམ་རྣམས་ཀྱིས།
།གཞན་ལ་ཕན་དགོངས་རྒྱལ་བའི་ཆོས་རྫོགས་པ།
དཔལ་ལྡན་བླ་མས་རྒྱལ་བའི་དགོངས་འགྲེལ་མཛད།
།འདི་མཚུངས་རྣམ་བཤད་སྔོན་ཆད་མ་བྱུང་ལ།
།སླད་ནས་བྱུང་ན་མཚུངས་མེད་བླ་མའི་དྲིན།
།རྒྱལ་བའི་[-] མཛད་པ་རིང་དུ་གནས་ཕྱིར་དང།
།བསྟན་བཅོས་འདི་ཡང་བློ་གསལ་དུ་མ་ཡིས།
།སྡེ་སྣོད་གསུམ་ལ་ལྟ་བའི་མིག་བྱེད་ཅིང།
།མི་འཛིན་སྤོབས་པའི་ནོར་དེ་བསྒྲུབ་པའི་ཕྱིར།
།
ནམ་མཁའི་ཁྱོན་ལྟར་ཡངས་པའི་ཐུགས་མངའ་ཞིང།
།བསྟན་ལ་དད་པའི་ལྷག་བསམ་བཟང་པོ་དང།
།གྲགས་པའི་སྤོ་ལ་ཚོགས་གཉིས་དཔལ་ཡོན་ཅན།
།བློ་གྲོས་བཟང་པོས་ཚུལ་བཞིན་རྣམ་འབྱེད་དང།
།ནོར་འཛིན་
src: annotation on separate folio reads the following
ངག་གི་དབང་ཕྱུག་འཇམ་པའི་དབྱངས་དང་ངག་དབང་ལྷ་མོ་དབྱངས་ཅན་མ།། བློ་བཟང་གྲགས་པའི་བསྟན་པ་ཡོངས་རྫོགས་བློ་ཆེན་དེ་ཡི་ཉི་ལྟར་གསལ།། བསྟན་འཛིན་ཁྱེད་རྣམས་འགྲོ་ལ་མ་བཞིན་བསྟན་འགྲོའི་དོན་དུ་མཛད་ཕྲིན་གང།། རྒྱ་ཆེན་ཐུགས་སྨོན་གངྒའི་ཀླུང་ལྟར་རྒྱ་མཚོ་མཁའ་མཉམ་དེ་ལ་འདུད།། བདག་ནི་ཚེ་རབས་ཀུན་ཏུ་ཡང།། ཡང་དག་ལམ་དང་མི་འབྲལ་ཞིང།། ཞིང་མཆོག་དཔལ་ལྡན་དམ་པའི་མགོན།། མགོན་དེས་གྱེས་བཞིན་རྗེས་འཛིན་ཤོག།། ཞེས་མདོ་སྔགས་མིང་གིས་བྲིས་པ་དགེ་བར་ལེགས།།