R1176: དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ།

  • Pagination (Witness A): 534
[A:534] ༡༡༦༤༦ སྨོན་གྲོལ་ཆོས་ཀྱི་རྒྱལ་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་འཕྲིན་ལས་ཀྱི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལེགས་བཤད་བང་མཛོད་དང་།
༡༡༦༤༧ དོན་བདུན་ཅུ།
༡༡༦༤༨ བསམ་སྒང་པ་ངག་དབང་བློ་བཟང་གི་དོན་བདུན་ཅུ།
༡༡༦༤༩ ཤེས་རབ་འོད་ཟེར་གྱི་ཕར་ཕྱིན།
༡༡༦༥༠ ར་ཚག་བློ་བཟང་ཨེ་ལྦཾ་གྱི་ཕར་ཕྱིན་མཐའ་དཔྱོད།
༡༡༦༥༡ མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་དགེ་འདུན་ཉི་ཤུ།
༡༡༦༥༢ རྗེ་དགེ་འདུན་གྲུབ་ཀྱི་ཕར་ཕྱིན་སྤྱི་དོན་ཆེན་མོ་ཡོད་ཅེས་བེ་སེར་ལས་བཤད།
༡༡༦༥༣ གངས་ཅན་པ་ཆོས་སྐུ་དཔལ་འབྱོར་གྱི་ཕར་ཕྱིན།
༡༡༦༥༤ འདུལ་འཛིན་དཔལ་ལྡན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་མཐའ་དཔྱོད།
༡༡༦༥༥ རྩེས་ཐང་པ་ཚུལ་ཁྲིམས་བློ་གྲོས་ཀྱི་ཕར་ཕྱིན་མཐའ་དཔྱོད་ལུང་གི་འདོད་འཇོ།
༡༡༦༥༦ སྨོན་ལམ་དཔལ་བའི་ཕར་ཕྱིན་ལེགས་བཤད་རིན་པོ་ཆེའི་མཛོད།
༡༡༦༥༧ བྱ་བྲལ་བློ་བཟང་དགེ་ལེགས་ཀྱི་གཅིག་དུ་བྲལ།
༡༡༦༥༨ མི་རྟག་སོགས་བཅུ་དྲུག་གསར་རྟོགས་ཀྱི་རིམ་ངོས་འཛིན།
༡༡༦༥༩ སེམས་དྲུག་གི་རྣམ་བཞག
༡༡༦༦༠ ཐོར་གོད་དགེ་བཤེས་བློ་བཟང་སྙན་གྲགས་ཀྱི་ཤིང་རྟའི་སྲོལ་འབྱེད་རྒྱས་འབྲིང་བསྡུས་གསུམ།
༡༡༦༦༡ སྐྱེས་བུ་ཆུང་འབྲིང་།
༡༡༦༦༢ བྱམས་གཞུང་།
༡༡༦༦༣ ཉན་ཐོས་ཞི་ཚོ་ལམ།
༡༡༦༦༤ གཅིག་དུ་བྲལ་རྣམས་ཀྱི་མཐའ་དཔྱོད།
༡༡༦༦༥ ས་ལམ་རྣམ་བཞག
༡༡༦༦༦ ཆོས་རྗེ་དཀའ་བཅུ་བསོད་ནམས་རྒྱ་མཚོའི་ཕར་ཕྱིན་གྱི་ཡན་ལག་རྒྱས་བཤད།
༡༡༦༦༧ བསོད་གྲགས་པའི་དོན་བདུན་ཅུ་སྐལ་བཟང་ཐེམ་སྐས་རྒྱལ་དབང་སྐལ་བཟང་རྒྱ་མཚོར་ཕུལ་པ།
༡༡༦༦༨ དེའི་མངོན་པ་ཀུན་བཏུས་ཀྱི་ཊིཀྐ།
༡༡༦༦༩ འབྲུག་པ་པད་དཀར་གྱི་མངོན་པ་ཀུན་ཏུ་ཚིགས་བཅད་དུ་བསྡེབས་པ། ༈ ལྔ་པ་མཛོད་ཀྱི་སྐོར་ལ།
༡༡༦༧༠ བསྟན་པ་ཕྱི་དར་ལ་སྨྲཾ་ཏིས་ཁམས་ཀློང་ཐད་དུ་མཛོད་ཀྱི་བཤད་པ་མཛད་པའི་རྒྱུན་ལམ་མཆིམས་བརྩོན་སེང་གིས་ནག་འབྱམས་སུ་གྲགས་པའི་ཊིཀྐ་མཛད་པ་མཛོད་ཀྱི་བོད་ཊིཀ་གི་ཐོག་མ་ཡིན་པར་བཤད།
༡༡༦༧༡ ཁྲ་ཕུ་འོད་འབྱུང་གི་མཛོད་འགྲེལ།
༡༡༦༧༢ མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་མཛོད་འགྲེལ་འདི་ལྕང་སྐྱ་རོལ་པའི་རྡོ་རྗེའི་ཕྱག་དཔེའི།