R1176: དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ།

  • Pagination (Witness A): 541
[A:541] ༡༡༨༤༠ དབང་ལོ་ཙྭ་བ་བློ་གྲོས་བརྟན་པའི་རྣམ་འགྲེལཊིཀ་ཆེན།
༡༡༨༤༡ ལོ་ཙྭ་བ་གྲགས་པ་རྒྱལ་མཚན་གྱི་རྣམ་འགྲེལ་ཊིཀ་ཆེན།
༡༡༨༤༢ དེ་གཉིས་ཀྱི་དཔོན་པོ་བ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཚད་མའི་དཀའ་འགྲེལ་ཆེན་མོ།
༡༡༨༤༣ ཚད་མའི་དཀའ་གནད་བྱེ་བྲག་ཏུ་བཤད་པ་རིགས་པའི་སྙིང་པོ།
༡༡༨༤༤ ཚད་མ་རིགས་གཏེར་གྱི་ཊིཀ།
༡༡༨༤༥ ཚད་མའི་བསྡུས་པ།
༡༡༨༤༦ རྣམ་འགྲེལ་གྱི་ཊིཀ།
༡༡༨༤༧ ཞྭ་ལུ་རིན་ཆེན་བསོད་ནམས་འཕེལ་གྱི་རྣམ་ངེས་སྦྱོར་ཊིཀ་གཞན་ཕན་ནོར་ཕྲེང་ལེའུ་གཉིས་པ་ཡན།
༡༡༨༤༨ གཞན་དོན་ལེའུའི་རྣམ་བཞག
༡༡༨༤༩ ཚད་མའི་ཐལ་ཕྲེང་མདོར་བསྡུས།
༡༡༨༥༠ སྣར་ཐང་པ་དོན་གྲུབ་བཟང་པོའི་ཚད་མའི་ཊིཀྐ།
༡༡༨༥༡ ཁམས་པའི་དགེ་བཤེས་ཉ་དར་མ་རིན་ཆེན་གྱི་དཔོན་པོ་ཀུན་དགའ་དཔལ་བའི་རྣམ་འགྲེལ་གྱི་ཊིཀྐ་ཡིད་ཀྱི་མུན་སེལ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་སྣར་ཐང་དུ་འདིའི་སྟེང་ནས་གྲ་སྐོར་མཛད། པེ་སེར་ལས་གཉག་དཔོན་ཟེར།
༡༡༨༥༢ བྱང་སེམས་གཞོན་ནུ་རྒྱལ་མཚན་གི་ཚད་མའི་དཀའ་འགྲེལ་གྱི་སྤྱི་དོན་ཆེན་མོ་འདི་ངམ་རིང་དུ་དར།
༡༡༨༥༣ རྒྱལ་ཚབ་རྗེའི་རིགས་གཏེར་དར་ཊིཀ་ལེགས་བཤད་སྙིང་པོ་གྲུབ་མཐའ་ཆེན་མོར་ལུང་དྲང་།
༡༡༨༥༤ རྒྱལ་ཚབ་རྗེའི་རྣམ་འགྲེལ་ཊིཀ་ཆུང་དང་།
༡༡༨༥༥ རྣམ་ངེས་ཊིཀ་ཆུང་ཡོད་པར་ལས་ཆེན་ཀུན་རྒྱལ་བ་གསུངས།
༡༡༨༥༦ གནས་རྙིང་མཁན་པོས་ཞུས་པའི་རིགས་ཐིག་དར་ཊིཀ་རྒྱས་པ་དང་།
༡༡༨༥༧ བདེན་གཉིས་དར་ཊིཀ།
༡༡༨༥༨ ཕར་ཆེན་རིན་ཆེན་སྤུངས་པ་སྔ་རྩོམ་གཞི་ཡོད།
༡༡༨༥༩ མཁས་གྲུབ་རྗེའི་རྣམ་འགྲེལ་ཊིཀ་ཆུང་རིགས་པའི་སྙེ་མ་འམ་རིགས་པའི་སྙིང་པོ་ཞེས་པ་ཡོད་ཅེས་བདེ་ལེགས་ཉི་མས་མཛད་པའི་རྣམ་ཐར་ལས་བྱུང་།
༡༡༨༦༠ སྨར་ཁམས་པ་གྲགས་པ་བཟང་པོའི་རྣམ་འགྲེལ་སྤྱི་དོན་ལུང་རིགས་སྒྲོན་མེ།
༡༡༨༦༡ ལྕེ་སྟོན་ཀུན་དགའ་བཟང་པོའི་སྔ་རྩོམ་རྣམ་འགྲེལ་གྱི་སྦྱོར་ཊིཀ་དང་།
༡༡༨༦༢ ཕྱིས་རྗེ་ཙོང་ཁ་པའི་བཤད་སྲོལ་ལ་རྟེན་པའི་རྣམ་འགྲེལ་གྱི་དགའ་འགྲེལ་ཆེན་མོ།
༡༡༨༦༣ གཙང་སྟོན་ཀུན་དགའ་རྒྱལ་མཚན་གྱི་ཚད་མ་མདོའི་ཊིཀྐ།
༡༡༨༦༤ ཞང་ཞུང་ཆོས་གྲགས་པའི་རྣམ་ངེས་འཐད་ལྡན་གྱི་འགྲེལ་བཤད།