[A:63b]གྲོས་སྙིང་པོ་ལ་སོགས་པའི༎ བློན་པོ་དམ་པ་ཉི་ཁྲི་ཡོད༎ རྒྱལ་ཕྲན་འབངས་བཅས་བརྒྱད་ཁྲི་ཡོད༎ ཕོ་བྲང་འཚོ་བ་བཟང་པོ་ཞེས༎ མཆུ་ཞེང་དཔག་ཚད་བཞི་བཅུ་པ༎ དེ་ན་རྒྱལ་སྲིད་འདོད་ཡོན་ལ༎
ཀུན་ནས་སྤྱོད་ཅིང་གནས་པ་ན༎ སེམས་དཔའ་གཉིས་པོ་དེར་བྱོན་ནས༎ སངས་རྒྱས་འཁོར་བཅས་མཆོད་པ་དང་༎ ཆོས་ནི་ཉན་པར་བསྐུལ་གྱུར་ཀྱང་༎ བདག་ནི་རྒྱལ་པོའི་དྲེགས་པ་ཡིས༎ སེམས་
དཔའ་གཉིས་ཀྱི་བཀའ་བཅག་ཅིང་༎ བརྙས་ཏེ་དུས་སུ་མ་ཉན་ཏོ༎ ཕྱི་ཞིག་རྒྱལ་པོ་འགྱོད་གྱུར་ནས༎ སེམས་དཔའ་གཉིས་ལ་མདོངས་གསོལ་ཏེ༎ སངས་རྒྱས་འཁོར་བཅས་རྟག་མཆོད་ཅིང་༎
དམ་པའི་ཆོས་ཀྱང་ཉན་ཅིང་བསྒོམས༎ དེ་ནས་བདག་ནི་ཚེ་འཕོས་ཏེ༎ བྱང་ཆུབ་སེམས་དཔའི་ངག་བཅག་ཅིང་༎ བརྙས་པའི་སྡིག་པས་ལྷུང་གྱུར་ཏེ༎ ཕུག་རོན་སྐྱེ་བ་བརྒྱ་བླངས་ཤིང་༎ དེ་ནས་
བྱ་རྒོད་ལུས་ཉི་ཤུ༎ བྱེའུ་སུམ་ཅུ་སྐྱ་ཀ་བཅུ༎ ནེ་ཙོ་བཞི་བཅུ་ཁྲུང་ཁྲུང་གི༎ སྐྱེ་བ་ལྔ་བཅུ་ལྷ་ཡུལ་དུ༎ ཤང་ཤང་ཏེའུའི་ལུས་བཅུ་གསུམ༎ དེ་ནས་པུ་ཤུད་ལུས་དྲུག་ཅུ༎ ཆུ་བྱ་ལྔ་བཅུ་རྨ་བྱ་
བཅུ༎ སྦྲང་བུ་ཉི་ཤུ་སྦུར་བཅུ་གསུམ༎ དེ་ནས་མིར་སྐྱེས་དམུས་ལོང་ལ༎ ཚེ་ལོ་དྲུག་བཅུར་སྡུག་བསྔལ་མྱོང་༎ དེ་ནས་རིགས་ངན་ལྐུགས་ཤིང་དབུལ༎ ནད་ཀྱི་ལོ་ནི་ལྔ་བཅུར་གཙེས༎ སླར་