R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 76b
[A:76b]གདན་བཞི། མཱ་ཡཱ། ཡོ་ག བྱ་སྤྱོད་ཀྱི་དབང་རྗེས་གནང་རྒྱུད་འགྲེལ་གཞུང་བཤད་མན་ངག་དང་། ལམ་འབྲས། རིམ་ལྔ། ནཱ་རོ་ནི་གུ་གྲུབ་སྙིང་སོགས་ཆོས་རྣམས་བུམ་པ་གང་བྱོར་གསན། གསང་མཚན་
མི་བསྐྱོད་རྡོ་རྗེར་བཏགས། དེ་ནས་རྐྱང་འདུར་དུ་འཇམ་གསར་བའི་གདན་སར་བཞུགས་ནས་ཆོས་རྗེའི་ཆོས་དུང་བཏང་སྟེ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རྒྱས་པར་མཛད། དོལ་པོ་བ་ཡེ་ཤེས་མགོན་
པོ་ལ་སྲོག་རྩོལ་གསན་ཏེ། རྐྱང་འདུར་དུ་འདག་འབྱར་མཛད་ནས་སྦྱོར་དྲུག་བསྒོམས་པས་ཉམས་སྣང་འུར་ལངས་ཤིང་མངོན་ཤེས་ལྔ་གྲུབ། གེགས་ཀྱི་རྣམ་པ་མང་དུ་བྱུང་སྟེ། བདེ་བ་ཅན་དུ་གདན་
འདྲེན་པ་ཡིན་ཟེར་ནས་བསུ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་བྱུང་། དེའི་དུས་སུ་བུད་མེད་ཅིག་གིས་ལྡེ་མིག་ཅིག་ཁྱེར་བྱུང་ནས། སྒོ་ཞིག་ལ་སྒོ་ལྕགས་རྒྱབ་འདུག་པ་དེ་ལ་བཀལ་སོང་། དེ་སྒོ་ཕྱེ་ཅིག་
པའི་བརྡར་དགོངས་ནས་སྒོ་ཕྱེ་སྟེ། དེ་ནས་ལུས་སྦྱོངས་ཀྱི་མན་ངག་བྱུང་བ་བཞིན་མཛད་པས། རླུང་ལྔ་སྟོབས་སུ་གྱུར་ཏེ། རེས་ཕྱག་ཡ་རེ་ལ་མི་བདུན་བདུན་གྱིས་གཟུང་བ་ཕྱོགས་གཅིག་ཏུ་འཕངས་
ཀྱང་གནོད་པ་མི་འབྱུང་། རེས་མི་མང་བོས་དགུལ་བསྐྱོལ་མི་ནུས། རེས་བསིལ་བས་མི་རྣམས་འདར་ཞིང་འཁྱག རེས་ཚ་གདུང་གིས་ལུང་བ་འགེངས་པ་བྱུང་ཞིང་། དེ་ཐམས་ཅད་ཀུན་མཁྱེན་ཆོས་