R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 87a
[A:87a]དང་། ཕྱི་རྟེན་རྣམ་རྒྱལ་མཆོད་རྟེན་བཞུགས་སོ༎ ༡༣ ཀུན་མཁྱེན་དུས་གསུམ་སངས་རྒྱས། དེའི་སྲས་ཀྱི་ཐུ་བོ་ཀུན་མཁྱེན་ཆེན་པོ་ནི། དོལ་པོ་བན་ཚང་དུ་ཡབ་ནམ་སྟོན་ཡེ་ཤེས་དབང་ཕྱུག ཡུམ་ཇོ་
གཅམ་ཚུལ་ཁྲིམས་རྒྱན་གྱི་སྲས་སུ་ཆུ་ཕོ་འབྲུག་ལ་འཁྲུངས། གདུང་རུས་ནམ། བླ་མ་སྐྱི་སྟེངས་པ་ལ་འཇམ་དཔལ་དབང་མོ་ཆེ་ཞུས། མཚན་ཤེས་རབ་མགོན་དུ་བཏགས། བཅུ་པ་ལ་མཁན་ཆེན་བྱང་ཆུབ་
སེང་གེ་ལ་ཡང་དག་སོགས་རྙིང་མའི་སྐོར་གསན། བཅུ་གསུམ་པ་ལ་སྐྱི་སྟེངས་སུ་མཁན་པོ་ཚུལ་ཁྲིམས་སྙིང་པོ་དང་སློབ་དཔོན་ཟེ་ཕུག་པ་ལས་རབ་ཏུ་བྱུང་མཚན་ཤེས་རབ་རྒྱལ་མཚན་དཔལ་བཟང་བོར་བཏགས།
དེ་དུས་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་སྐྱི་སྟེངས་སུ་བྱོན་པ་ལ། རྡོ་རྗེ་ཕྲེང་བའི་གར་ཐིག་བསླབས་པ་ཚེགས་མེད་པར་མཁྱེན་པས་མཁས་པ་ཆེན་པོ་ཅིག་འོང་བར་འདུག་གསུངས་ནས་ཤིན་ཏུ་དགྱེས།
སྐྱི་སྟོན་པ་ཡ་ཚེ་རྒྱལ་པོའི་བླ་མ་ལ་བྱོན་ནས་སླར་གློ་བོར་ཕེབས་པ་གསན་པས། བཅོ་བརྒྱད་པ་ལ་རང་གཅིག་པུར་དར་ཡུག་འགའ་ཞིག་དང་ཟངས་ཆེ་བ་ཅིག་བསྣམས་ནས་གློ་བོར་བྱོན། སྐྱི་སྟོན་པ་ལ་ཚད་མ་
བསྡུས་པ་གསན། སྐྱི་སྟོན་པ་ས་སྐྱར་ཐེགས་རྗེས་ཤེར་བཟང་བ་དང་གཞོན་བཟང་བ་བསྟེན་ནས་ལོ་གཉིས་སུ་རྣམ་རས་ལ་སྦྱངས། དེ་ནས་ས་སྐྱར་བྱོན་ཏེ་སྐྱི་སྟོན་པའི་དྲུང་དུ་ཕར་ཚད་མངོན་གསུམ་སྤྱོད་