[A:88b]ལ་བདེ་མཆོག་གསན། དེ་ནས་ས་སྐྱར་ཕེབས་ཏེ་དུས་ཆོས་སུ་དཀའ་ཆེན་བཞི་སོགས་པོ་ཏི་ལྔ་དྲུག་རེ་སྒྲེལ་ནས་གསུངས། དུང་ལུང་དགའ་ལྡན་དུ་ཀྱེ་རྡོར་གྱི་མཆོད་མཛད་པས་བུམ་ཆུ་ཁོལ། ཡི་
དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཇོ་མོ་ནང་དུ་ཤྲཱི་རིན་སེང་བའི་དར་འགྱེད་སྐྱེལ་དུ་བྱོན་པས་སྒྲུབ་པ་བ་རྣམས་ཀྱི་སྒྲུབ་ཚུགས་ལ་དད་པ་སྐྱེས་ཏེ་ད་བཟོད་འདིར་འོངས་ནས་སྒོམ་ཆིག་དྲིལ་ཅིག་བྱ་དགོས་
དགོངས་པ་བྱུང་། བླ་མ་སེང་གེ་དཔལ་བས་རྣམ་འགྲེལ་གྱི་ཊཱི་ཀ་མཛད། སེང་གེ་དཔལ་བ་དབུས་ཕྱོགས་ཀྱི་ཆོས་གྲ་ཐམས་ཅད་དུ་འབྱོན་པའི་ཕྱག་ཕྱིར་བྱོན། མཚུར་ཕུར་ཀརྨ་པ་རང་
བྱུང་རྡོ་རྗེའི་དྲུང་དུ་རང་སྟོང་གི་ལྟ་བ་གཟུང་ནས་འབེལ་གཏམ་མཛད་པས། མ་འོངས་པ་ན་གཞན་སྟོང་དུ་འགྱུར་ཞེས་ལུང་བསྟན། སེང་གེ་དཔལ་བ་གོང་དུ་བཞུད་པའི་ཕྱག་ཕྱིར་འབྱོན་དགོས་
གསུང་པ་ལ་ཞུ་བ་ནན་གྱིས་ཕུལ་ནས། སོ་གཅིག་པ་ལ་ཇོ་མོ་ནང་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཞབས་ལ་གཏུགས་ཏེ་དུས་ཀྱི་འཁོར་ལོའི་དབང་དང་ཁྲིད་གསན་ནས་ཐུགས་ཉམས་སུ་བཞེས་པས་
ཉམས་རྟོགས་ཀྱི་ཀློང་བརྡོལ། རྒྱུད་བཤད་སོགས་ཆོས་སྐོར་མ་ལུས་པ་གསན། དེ་ནས་གསང་ཐབས་སུ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ལ་དུས་འཁོར་རྒྱུད་འགྲེལ། རྡོ་རྗེ་ཕྲེང་བའི་དབང་