[A:168b]པའི་ཡུལ་དུ་བསླེབས་པ་སྙམ་བྱས་ན་མཐོང་གི་འདུག་གསུངས། མཚན་མོ་མནལ་ལམ་དུ་གསུང་རབས་གང་བཞེད་ལ་གཟིགས་རྟོག་མཛད་ནས་སང་དེ་ཚོགས་སུ་གསུངས། དེ་ནས་གསང་འདུས་འཕགས་སྐོར། ཡེ་ཤེས་ཞབས་ལུགས།
དུས་འཁོར་རྭ་འབྲོའི་དབང་རྒྱུད་བཤད་མན་ངག་གི་བཀའ། ནཱ་རོ་པ། ཇོ་བོ་རྗེ། ཤཱཀྱ་ཤྲཱི། ཤ་བ་རི། དཔྱལ་ཨ་མོ་གྷ། གྱི་ཇོ། ཙ་མི། རྒྭ་ལོ། ཞང་ཚལ་པ། སྲེག་པ་ལུང་པ། མར་
པ་བྱ་ཟེ་རྣམས་ཀྱི་སྦྱོར་དྲུག ཨོ་རྒྱན་བསྙེན་སྒྲུབ་སོགས་སྦྱོར་དྲུག་རིགས་མི་འདྲ་བ་མང་པོ། བདེ་དགྱེས། གཤིན་རྗེ་གཤེད། སྒྱུ་དྲ། གདན་གཞི། མཱ་ཡཱ། གྲུབ་སྙིང་། ཡོ་ག བྱ་སྤྱོད་ཕལ་མོ་
ཆེའི་དབང་བཤད་མན་ངག་གི་བཀའ་ཐམས་ཅད་དོ༎ བླ་མ་འདི་ལ་རྡོ་རྗེ་འཆང་གི་འདུ་ཤེས་ལས་སྐད་ཅིག་ཀྱང་མི་གཡེལ། བླ་མས་ཀྱང་ཆོས་རེ་རེ་གསུང་པའི་ཤམ་དུ་ཆོས་བདག་པོ་ལ་འཕྲོད་དོ་གསུངས། སྤྱིར་བླ་མ་ཉི་ཤུ་
རྩ་བརྒྱད་མངའ། མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་ནས། དབྱར་དགུན་གྱི་དུས་ཆོས་ལ། དཀའ་ཆེན་བཞི་སྤྱོད་འཇུག འཕགས་ཡོག་དུས་གསུམ་ཞེས་པའི་ཐ་སྙད་མཛད་ནས་སྟོན་དཔྱིད་དུས་འཁོར་