R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 173a
[A:173a]བཟང་། དགའ་ལྡན་ནས་སྐས་རིངས་གསུམ་བྱུང་བའི་དབུས་མ་ལ་བྱམས་པ་བྱོན། གཅིག་ལ་ངས་འཛོགས། གཅིག་ལ་སུས་ཕྱིན་ནམ་གསུངས། དོན་བཞི་པ་ལ།
གྲྭ་པ་ཀློག་པ་པ་རྣམས་ཞྭ་ལུར་བརྫངས། སྤོང་བ་པ་རྣམས་ནང་མཚམས་བསྡམས། ཆོས་རྗེ་ཉིད་ཀྱང་མུན་ཁང་བསྲུབས་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། འབྲུག་ལོའི་དཔྱིད་སྐུ་ཁམས་མཉེལ་བ་ན།
རྒྱལ་སྲས་ཐོགས་མེད་པ་སོགས་དགེ་འདུན་མང་པོས་གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། མདང་གསུམ་ངའི་རྨི་ལམ་ན་རྣམ་ཐོས་ཀྱི་བུས་ནང་ཚོ་འགོག་པ་ཡིན་ཟེར་ནས་ལུས་ལ་བསེ་ཁྲབ་ལྟ་བུ་
མང་པོ་བཀོག་ནས་བསྐྱུར་གཏོང་གིན་གདའ་གསུང་ནས་སྐུ་ཁམས་དྭངས་ཏེ་གཏང་རག་གི་གཏོར་མ་མཛད་དོ༎ སླར་ཧོར་ཟླ་ལྔ་བའི་གཞུག་ནས། ཅུང་ཟད་མཉེལ་ཏེ་དོན་ལྔ་བ་ཤིང་ཕོ་འབྲུག་གི་ལོ་ཟླ་བ་དྲུག་པའི་
ཉི་ཤུ་གཅིག་གི་ཐོ་རངས་མེ་ཏོག་གི་ཆར་དང་བཅས་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན། ཉི་ཤུ་བདུན་ལ་གདུང་སྦྱངས་པས་རིང་བསྲེལ་ཡུངས་འབྲུ་ལྟ་བུའི་ཕུང་བོར་གྱུར་པས། རྒྱ་གར། རྒྱ་ནག བལ་བོད་