[A:177a]གཅིག་ན་རྐོང་པོ་ནས་པར་དུས་འཁོར་ཐུགས་དཀྱིལ་གྱི་དཀྱིལ་འཁོར་བློས་སླང་བཞེངས། རྐོང་པོ་རལ་གསུམ་ཕྱག་ཕབ་ནས་སྐྱེ་བོའི་ཚོགས་ཆེན་པོ་ལ་སེམས་སྐྱེད་གནང་།
ལོ་གཅིག་གི་བར་རྒྱ་བསྡམས། སྦུ་ཆུ་ལྷ་ཁང་དུ་འབུམ་ནག་དང་འབུམ་དམར་གཟིགས་པས་མེ་ཏོག་གི་ཆར་བབ། འོ་ཐང་མཚོ་མོའི་ཡུལ་སྡེ་མ་ཆུའི་གནོད་པ་བསྒྱུར། ང་དྲུག་པ་ལ་བོད་ཀླུངས་ལ་རྒྱུད་དེ་བྱར་བེལ་ཁ། ཕོ་
བྲང་ཡང་རྩེ་རྣམས་སུ་ཕེབས། གཉལ་ལྟེའུ་རར་དབྱར་ཆོས་ལ་བརྟག་གཉིས་དང་། ལམ་འབྲས་གནང་། གསེར་ཕྱེ་འབུམ་པའི་དྲུང་དུ་སེམས་སྐྱེད་གསུངས་པས་ཐམས་ཅད་ཀྱིས་གཟུང་དུ་བཏུབ་པ་མེ་ཏོག་གི་ཆར་བབ། ལྷ་སར་ཇོ་
བོ་རིན་པོ་ཆེ་ལ་ཁྲི་རྒྱབ་ཕུལ། སྙེ་ཐང་དུ་དུས་འཁོར་གྱི་བཤད་པ་རྒྱས་པར་གསུངས་པས། རྭ་འབྲོ་ཤོང་འགྱུར་གྱི་དཔེ་འགྲེམས་བརྒྱ་ལྷག་བྱུང་། དབུས་ཕྱོགས་ཀྱི་དུས་འཁོར་འཆད་ཉན་པ་གཅིག་ལ་དེ་ཉིད་སྡེ་སྣོད་
འཛིན་པའི་ཚོགས་འདུ་ཆེ་བར་གྲགས། རླུང་ལྟས་ལ་སྐུ་ཚེའི་བར་ཆད་འོང་བ་མཁྱེན་ནས། གཡེ་གོ་ར་གདོང་དུ་རྡོ་རྗེ་བཟླས་པ་འབུམ་ཕྲག་གཅིག་མཛད་པས་ལོ་ལྔ་སྐུ་ཚེ་བསྲིངས། མཁན་ཆེན་གྲགས་རྒྱལ་