R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 178a
[A:178a]ཞོ་རེའི་འགྱེད་གནང་། རྗེ་འདིའི་བཀའ་འབུམ་ལ་པོ་ཏི་ཉི་ཤུ་རྩ་ལྔ་བཞུགས་པ་ལས་ཁྱད་པར་དུ་དུས་འཁོར་བསྐོར་ལ་བསྡུས་དོན་ཆོས་འབྱུང་། སྟོང་འཇུག་གི་རྩིས། སྦྱོར་དྲུག་གི་ཁྲིད་ཡིག ངོ་སྤྲོད་
བསྲུངས་འཁོར་གཉིས། མངོན་དཀྱིལ། ཐུགས་དཀྱིལ་མངོན་རྟོགས། རྣལ་འབྱོར་མའི་མཆོད་ཆོག་རྣམས་སོ༎ རྗེ་འདིས་དགེ་བསྙེན་དང་དགེ་ཚུལ་ལྟ་ཞོག བསྙེན་རྫོགས་ཀྱི་སྡོམ་པ་ཕོག་པ་ལ་སྟོང་ཕྲག་ལྔ་ལྡན་
པ་བྱུང་། སྡོམ་པ་འབོག་པ་དང་། དབང་བསྐུར་བ་དང་། རབ་གནས་རྣམས་ལ་སླ་ཆོས་གཏན་མི་མཛད། ཚུལ་ཁྲིམས་ཀྱི་དྲི་དང་ལྡན། ཁོ་བོ་ལོ་བཅུ་བདུན་པ་ལ་རབ་ཏུ་བྱུང་ནས་ངའི་བར་དུ་ཚུལ་ཁྲིམས་གཙང་
བར་བསྲུངས་པས་འདི་ངའི་འཕྲིན་ལས་ཀྱི་གཙོ་བོ་ཡིན་གསུངས། དུས་ཕྱིས་བོད་དུ་བྱུང་བ་གཅིག་ལ་མཁན་ཆེན་བུ་སྟོན་པའི་རྩོན་འགྲུས་ལ་སུས་ཀྱང་མི་དོ། དེ་མ་གཏོགས་ང་ཡང་བརྩོན་འགྲུས་ཆུང་རྒྱུ་མེད་གསུངས། མཉམ་
པར་མ་བཞག་པའི་ཐུགས་མི་མངའ་སྟེ། གཟིགས་རྟོག་གི་སྐབས་སུའང་ཕྱག་དཔེའི་སྟེང་དུ་སྟོང་གཟུགས་དུས་རྒྱུན་དུ་འབྱུང་གསུངས། བདག་ཉིད་ཆེན་པོ་འདིའི་ཞབས་གཉིས་ལ་འཁོར་ལོའི་མཚན་དང་ལྡན། སྐུ་ལུས་ལ་