[A:179a]དང་བཅས་པའི་ཆོ་འཕྲུལ་བསྟན་ཏེ་དགའ་ལྡན་དུ་གཤེགས་སོ༎
མཚུངས་མེད་གཞོན་ནུ་གྲགས་པ།
དེ་དུས་ཀྱི་མཁས་བཙུན་རྣམས་དང་། ཁྱད་པར་དུ་དུས་འཁོར་སྨྲ་བ་ཕལ་མོ་ཆེ། རྗེ་དེའི་སློབ་
མར་མ་གྱུར་པ་མེད་པས་བགྲང་བར་མི་དཔྱོད་ལ། བྱེ་བྲག་ཏུ་མཚུངས་མེད་གཞོན་ནུ་གྲགས་པ་ནི། འཕན་ཡུལ་དུ་སྐུ་འཁྲུངས། གཞུང་ལུགས་མང་པོ་ལ་ལེགས་པར་སྦྱངས། ཁྱད་པར་དུ་འདུལ་
མཛོད་ལ་མཆོག་ཏུ་མཁས། གནས་བརྟན་ཆེན་པོ་ཚུལ་ཁྲིམས་ཤིན་ཏུ་གཙང་བ། རྒྱལ་སྲས་ཐོགས་མེད་པ་ལ་ཐུགས་བསྐྱེད་དང་། བློ་སྦྱོང་གསན་པས་བྱང་ཆུབ་ཀྱི་ཐུགས་འབྱོངས། བུ་
སྟོན་རིན་པོ་ཆེ་ལ་དབང་དང་གདམས་ངག་མང་དུ་མནོས་ཤིང་། ཁྱད་པར་དུ་དཔལ་ལྡན་བླ་མ་མཁར་ལུངས་བཟང་སུ་བཞུགས་པའི་དྲུང་དུ། དུས་ཀྱི་འཁོར་ལོའི་དབང་དང་སྦྱོར་དྲུག་གསན་པས་སྒྱུ་མ་
ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར། ཁྲབ་མཁར་འདུལ་མཛོད་དུས་ཆོས་སུ་གསུང་ཞིང་། རང་ཉིད་ཟབ་ལམ་གྱི་ཐུགས་དམ་ལ་གཙོ་བོར་བཞུགས་ཏེ་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་དོ༎