R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 183a
[A:183a]ཤེས་རབ་དཔལ་བཟང་པོ་ནི། ཆོས་ཀྱི་དཔལ་བ་ལ་དུས་འཁོར་གསན་པས་ལེགས་པར་མཁྱེན་ཅིང་མདོ་སྔགས་མ་ལུས་པ་ལ་མཁས་པས་ཀུན་མཁྱེན་དུ་གྲགས་ལ། ཤངས་རི་
བོ་དགེ་འཕེལ་དུ་ཏར་ཆགས་པའི་དུས་འཁོར་གྱི་དབང་རྒྱུན་དང་། དུས་ཆོས་གསུངས་པས་སེམས་འགྲེལ་གྱི་ཕྲིན་ལས་རྒྱས་པར་མཛད་དོ༎ དེ་ལ་རྗེ་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བས་དབང་དང་རྒྱུད་བཤད་གསན་ཏོ༎
ཡང་བདེ་ཆེན་ཆོས་ཀྱི་དཔལ་བ་ལ། རྗེ་རིན་པོ་ཆེ་ཙོང་ཁ་པ་བློ་བཟང་གྲགས་པས་གསན་དུ་ཐེགས་པའི་ཚེ་མཇལ་དར་ལ་དར་སེར་པོ་དང་། ཕྱིས་འབུལ་བ་ལ་གོ་ནེ་ཙོ་ཡུག་ཕུལ་བས། དང་པོར་
འབྱུང་བ་སྡུད་རིམ་དང་སླད་མར་སྐྱེད་རིམ་དུ་གདའ་བས་རྟེན་འབྲེལ་བཟང་གསུང་ནས་དགྱེས། ནང་ལེ་གསུང་བའི་ཐོག་མ་ནས་གསན་ཆོག་བྱུང་བས། གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་
སླད་ཅེས་པ་ཚིག་མཚམས་པྲ་ལེགས་པར་དགོངས་ཏེ། རྒྱུད་བཤད་ཕྲན་དང་བཅས་པ་གསན་ནས། ས་ཕོ་ཁྱི་ལ་སློབ་མའི་ཚོགས་ཆེན་པོ་ལ་རྒྱུད་འགྲེལ་གྱི་བཤད་པ་རྫོགས་པར་གནང་ངོ་༎ འཇམ་རིན་པ། འཇམ་རིན་