R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 189a
[A:189a]རྒྱ་མ་བ་ཡོན་ཏན་དཔལ་ལ་ཕར་ཕྱིན། འཕན་ཡུལ་བ་བསམ་གྲུབ་ཡེ་ཤེས་ལ་ཕར་ཚད་གཉིས། ཐང་བོ་ཆེར་ཆོས་རྗེ་ཉི་མ་བ་ལ་གསང་འདུས་ཀྱེ་རྡོར་གུར་མགོན་གསན། ཟླ་བ་
གཟས་བཟུང་བའི་ཚེ་མ་ཤའི་སྒྲུབ་པ་མཛད་པས་མྱུ་གུ་མེ་ཏོག་དང་བཅས་པ་སྐྱེས། གསང་ཕུ་སོགས་སྐྱི་ཤོད་ཀྱི་ཆོས་གྲྭ་རྣམས་སུ་གྲྭ་བསྐོར་མཛད། ལྷ་སར་ཇོ་བོའི་དྲུང་དུ་གསོལ་བ་བཏབ་པས་ནམ་མཁའི་སྙིང་པོས་རྗེས་སུ་བཟུང་
ཞིང་། ལུང་བསྟན་པའི་མཚན་བརྙེས། ཉེར་ལྔ་པ་ལ་ལྟེའུ་རའི་གདན་སར་བཞུགས་ཏེ་གཉལ་ལོར་བྱར་རྣམས་ཀྱི་གནས་གཞི་ཕལ་མོ་ཆེར་ཆོས་གཞི་མཛད་ཅིང་ཕར་ཚད་སྤྱོད་འཇུག་དང་། འདུས་པ་བདེ་
དགྱེས་དུས་འཁོར་རྣམས་ཀྱི་རྒྱུད་འགྲེལ་དུས་ཆོས་སུ་གསུངས། རྗེ་བཙུན་དཔལ་ཆེན་པ་ལ་ཆོས་ལྷག་མ་མ་ལུས་པར་གསན། བུམ་པ་གང་བྱོར་མཁྱེན། ལྟེའུ་རའི་གདན་ས་བ་དེ་ལོ་བཅུ་གསུམ་ལ་གྲོངས་འགྲོ་
བའི་སྲི་ཅིག་ཡོད་པས། སོ་བདུན་པ་ལ་བླ་བྲང་ཉིད་དུ་སྐུ་མཚམས་དམ་པར་བཅད་དེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས། མི་ནག་པོ་བཞིས་བཞུགས་གདན་གྱི་ཟུར་ནས་ཁྱེར་ཏེ་ནམ་མཁའ་ལ་འཕགས་