[A:205a]པ་དང་། རོང་ལོའི་དབོན་པོ་རྒྱལ་བ་རྣལ་འབྱོར་དང་། དབེན་ཚ་བ་སོགས་མང་དུ་བྱུང་ངོ་༎ ཁམས་པ་ཤེའུ་ལོ་ཙཱ་བ། ཨ་བྷ་ཡ་དང་ཙ་མི་གཉི་ག་ལ་དབང་རྒྱུད་བཤད་མན་
ངག་དང་བཅས་པ་ཞུས། དེ་ལ་རྒྱ་ཕོ་བ་ལུང་བས་དབང་ཡོངས་སུ་རྫོགས་པ་ཞུས། དེ་ལ་སྙེ་མདོ་ཐམས་ཅད་མཁྱེན་པས་དགུང་ལོ་ཞེ་གཅིག་བཞེས་པའི་ཚེ་ཞུས། དེ་ནས་སྙེ་མདོ་ཀུན་དགའ་དོན་གྲུབ།
ཀརྨ་པ་རང་བྱུང་རྡོ་རྗེ་ནས་དེང་སང་གི་བར་དབང་རྒྱུན་མ་ཆད་པར་ཡོད་དོ༎ སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས། སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ནི། རྒྱ་གར་དུ་བྱོན་ཏེ་རྩ་མི་ཆེན་པོ་གཙོ་བོར་བསྟན་ནས་རྒྱུད་བཤད་ཚར་
གཉིས། ཨ་བྷ་ཡ་ལ་ཚར་གཅིག ཨ་བྷི་ཡུགྟ་ཡ་ཚར་གཅིག བྷཱཀྵ་ར་གུཔྟལ་ཚར་གཅིག་གསན། དབང་རྒྱུུད་མན་ངག་མཐའ་དག་ལ་མངའ་བརྙེས་ནས་བོད་དུ་ཕེབས་
དུས་ལ་སྟོད་བྱང་གི་གཉོས་སྟོན་འོད་མ་ཞེས་པ་བགྲེས་པོ་ཞིག་གིས་དེ་ལོ་གསུམ་བསྟེན་ནས་རྒྱུད་འགྲེལ་གསན་ཞིང་ནན་ཏན་ཆེ་བར་མཛད། སེ་མོ་དབུས་སུ་གཤེགས་པའི་ཤུལ་དུ་མགོ་བ་ལ་དཀར་