R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 206a
[A:206a]བསྙེན་མནོས། བཅུ་དྲུག་པ་བོ་དོང་ཨེར་བྱོན་ནས་མངོན་གྲྭ་པ་རིན་རྩེ་ལ་ཕར་ཚད་མངོན་སུམ་བསླབས། ཉི་ཤུ་པ་ལ་རིན་རྩེས་མཁན་པོ། ཞང་བསམ་གླིང་བས་ལས་
སློབ། བསོད་ནམས་འོད་ཟེར་བས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། མཚན་རིན་ཆེན་དཔལ་དུ་གསོལ། དེ་ནས་ལོ་བཅུ་གཉིས་སུ་སྔོར་ཀར་གདན་གཅིག་མཛད། རིན་རྩེ་ལ་དུས་འཁོར་
འབྲོ་ལུགས་གསན་པས། རིན་རྩེའི་ཞལ་ནས། འཇིག་རྟེན་གྱི་ཁམས་ཀྱི་ཆོས་གཞན་ཐམས་ཅད་ཤེས་པར་བྱ་ཡི། དུས་འཁོར་ཞོག་ཟེར་ན་ང་མི་བྱེད་གསུང་བས་དད་པ་ལྷག་པར་སྐྱེས། གཅེན་
པོ་གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་ལ། ཕར་ཕྱིན་འདུལ་བ། རྒྱུད་སྡེ་མང་པོའི་དབང་རྒྱུད་མན་ངག་གསན། ཁྱད་པར་དུས་འཁོར་ཆ་ལུགས་ལེགས་པར་བསླབས། རྩིས་ལ་སྦྱངས་ཤིང་མཁས་པར་མཁྱེན།
ཁོང་གི་གསུང་གིས། དུས་འཁོར་བ་སངས་རྒྱས་རྡོ་རྗེ་དེ་ཙ་མི་ལུགས་ལ་མཁས་པས་དེར་ཉོན་གསུང་བས། ལ་སྟོད་བྱང་གི་དགོན་པ་རྣལ་འབྱོར་མངས་སུ་དེའི་དྲུང་དུ་བྱོན། ཟླ་བ་བཅུ་གཅིག་གི་བར་དུ་རྒྱུད་འགྲེལ་ཕྲན་དང་