[A:244b]ཆེན་རྣམས་མཇལ། ན་ལེནྡྲར་པཎ་ཆེན་གནས་བརྟན་རཱ་ཧུ་ལ་ཤྲཱི་བྷ་དྲ་གཙོ་བོར་བསྟེན་ནས། ཀ་ལཱ་པ་འདུལ་བ་ཏིང་ངེ་འཛིན་རྒྱལ་པོ། དུས་འཁོར་བདེ་དགྱེས་གསང་འདུས་སོགས་གསན། མ་ག་དྷ་རྒྱལ་པོའི་
ཁབ་ཏུ་པཎ་ཆེན་ཡ་ཤོ་མི་ཏྲ་ལ་སྒྲ་རྩིས་སྨན་དཔྱད། ཟློས་གར། གྲུབ་སྙིང་སྐོར་གསན། རྡོ་རྗེ་གདན་དུ་བསྐོར་བ་མཛད་པའི་སྐབས་སུ་རྒྱལ་བ་ཤཱཀྱ་ཐུབ་པའི་གཡས་གཡོན་ཏུ་བྱམས་པ་འཇམ་དབྱངས་
ཞུགས་པའི་ཞལ་གཟིགས། དེ་གསུམ་ཞལ་འཛུམ་པའི་འོད་བཀྱེ་བས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་གཟིགས། རྡོ་རྗེ་གདན་གྱི་ཤར་སྒོའི་འགྲམ་གྱི་ཀླུ་སྒྲུབ་ཀྱི་སྒོམ་ཁང་དུ་འཕགས་པ་ཡབ་
སྲས་དང་བིར་ཝ་པས་དབང་བསྐུར་བྱིན་གྱིས་བརླབས། རྒྱ་གར་དུ་ལོ་གཉིས་བཞུགས་ནས། ཉེར་བརྒྱད་པ་ལ་ཏི་ར་ཧུ་ཏིར་བསྙུན་དྲག་པོས་འཛིན་དུས་ཡེ་ཤེས་མགོན་པོ་ཕྱག་བཞི་པས་བོད་ཀྱི་ཇོ་སྲས་ཀྱི་རྣམ་པར་སྤྲུལ་
ནས་བསྙུང་གཡོག་བྱས་ཏེ་བསྙུང་དེངས། དེ་ནས་བལ་ཡུལ་དུ་ཕེབས་ཏེ། པཎ་ཆེན་རེ་ཝེནྟྲ་པ་ལ་སྔར་གསན་པའི་ངག་ཐོར་དང་སླར་ཡང་གཞུང་གདམས་ངག་མང་དུ་གསན། རངྒ་ཎ་བི་ཧ་རར་