[A:117]
པུ་རོང་ལོ་ཆུང་ལུགས་ལྟར་ན། ཕམ་མཐིང་པ་སྐུ་མཆེད་ནས། པུ་རོང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ། ས་སྐྱ་གོང་མ་རྣམ་ལྔ་མན་འདྲའོ། །ཇོ་ནང་བདེ་རམས་ལྟར་ན། མར་དོ་ཆོས་ཀྱི་དབང་ཕྱུག་ཡན་གོང་མར་དོ་ལུགས་ལྟར་ལ། དེ་ནས་གཟེ་པ་བདེ་མཆོག་རྡོ་རྗེ། གཟེ་པ་བློ་ལྡན་སེང་གེ་ལྷོ་ཚད་དབང་ཕྱུག་བརྩོན་འགྲུས། ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། གྲགས་ཆེན་པ་གྲགས་པ་སེང་གེ་འཕགས་འོད། བུ་སྟོན། ཁྱུང་ལྷས་པ། ནོར་བཟང་། དཀའ་བཞི་པ། རིན་ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ལྷ་བོ་པ། ཀུན་དགའ་དོན་གྲུབ། བསོད་ནམས་དཔལ་འབྱོར། བྱང་གླིང་པ་རིན་ཆེན་བཀྲ་ཤིས། རྡོ་རིང་དབོན་ཀུན་དགའ་རྒྱལ་མཚན། ཏཱ་ར་ནཱ་ཐ་མན་ལཱུ་ཧི་པའི་བདེ་རམས་བརྒྱུད་པ་ལྟར་རོ༎ ་༎གཉིས་པ་གྲུབ་པའི་སློབ་དཔོན་དྲིལ་བུ་ཞབས་དེ་ཉིད་ཀྱིས་དཔལ་འཁོར་ལོ་སྡོམ་པ་རྣལ་འབྱོར་གསང་མཐའ་ལྟར་བཀྲལ་བའི་ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་དང་པོ་ས་ལུགས་ཀྱི་བརྒྱུད་པ་ནི། ཆོས་རྒྱལ་འཕགས་པ་ཡན་དྲིལ་བུ་ཕྱི་དཀྱིལ་ལྟར་ལ། དེ་ནས་ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། དེས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། བློ་གྲོས་བརྟན་པ་གཉིས། གཉིས་ཀས་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། མུས་ཆེན་སངས་རྒྱས་རིན་ཆེན། སངས་རྒྱས་སེང་གེ་བྲང་ཏི་པཎ་ཆེན། ལྕེ་བཙུན་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་