[A:129]
སངས་རྒྱས་སྙིང་པོ། སངས་རྒྱས་གཞོན་ནུ། གསེར་ཁང་སྟོང་པ། སངས་རྒྱས་རིན་ཆེན། ཤཱཀྱ་འབུམ་པ། ཤཱཀྱ་བསོད་ནམས། དབོན་པོ་ཆོས་བཟང་། གྲགས་པ་དོན་མཆོག་།བསོད་ནམས་གྲུབ་པ། གྲགས་པའི་མཚན་ཅན། བླ་མ་རྟོགས་ལྡན་པ། ལྷུན་བདེ། འབྲུག་ཆེན་རྣམ་རྒྱལ་བཀྲ་ཤིས། གྲོལ་མཆོག་ཞབས། ལྷ་དབང་གྲགས་པ་མན་གོང་ལྟར་རོ༎ ་༎
དཔལ་འཁོར་ལོ་སྡོམ་པའི་བཤད་རྒྱུད་རྣམས་ལས་འབྱུང་བའི་ཟུར་བཀའི་རིགས་ལ། ཐོག་མར་འཕགས་ཡུལ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་སྡོམ་པ་འབྱུང་བའི་རྒྱུད་ལ་བརྟེན་ནས་གསང་འདུས་འཕགས་ལུགས་ལྟར་བཀྲལ་བའི་དཔལ་འཁོར་ལོ་བདེ་མཆོག་སྡོམ་པ་འབྱུང་བ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་བུ་སྟོན་གྱི་སྒྲུབ་དཀྱིལ་ལ་མཁྱེན་རབ་ཆོས་རྗེའི་ལྷན་ཐབས་སྦྱར་བའི་སྟེང་ནས་དབང་བཞི་མཐའ་རྟེན་བཅས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར། དཔེ་མེད་དཔལ། རཏྲྣ་ཨ་་་་་་ཤཱནྟི་པའང་འདུག་ཀར་གུཔྟ། ཨ་བྷ་ཡཱ་ཀ་ར། དགེ་བའི་འབྱུང་གནས། ལེགས་སྤྱོད་ཞབས། རཏྣ་རཀྵི་ཏ། ཆག་ལོ་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ། གཡུང་ཕུག་པ་རྒྱལ་མཚན་དཔལ། ཤོང་སྟོན་བློ་གྲོས་བརྟན་པ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ལྕེ་བཙུན་ནམ་མཁའ་མཆོག་གྲུབ། དཀའ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། སྐྱོ་སྟོན་རིག་འཛིན་རྒྱལ་པོ། རྗེ་བཀྲ་ཤིས་དཔལ་འབྱོར། དགོན་སྟོད་པ་བསོད་ནམས་དཔལ་འབྱོར། བྱང་གླིང་པ་རིན་ཆེན་བཀྲི་ཤས་རྒྱལ་མཚན། ཆེན་པོ་དཔལ་ལྡན་ཆོས་བཟང་། རྗེ་བཙུན་ཀུན་དགའ་སྙིང་པོ། མཁན་ཆེན་རིན་ཆེན་རྒྱ་