[A:131]
པོ། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ཀུན་དགའ་གྲོལ་མཆོག་ལུང་རིགས་རྒྱ་མཚོ། ཏཱ་ར་ནཱ་ཐ་མན་ལཱུ་ཧིའི་བདེ་རམས་ལྟར་རོ། །ཡང་ན། རཏྣ་ཤྲཱི། དགེ་ལེགས་དཔལ། ཞི་བའི་བློ་གྲོས། ས་དབང་བཟང་པོ། ས་དབང་དཔལ། དྲི་མེད་དཔལ། ཤོང་ལོ་རྡོ་རྗེ་རྒྱལ་མཚན། སློབ་དཔོན་བློ་གྲོས་བརྟན་པ། ལོ་ཙཱ་མཆོག་ལྡན་མན་གོང་ལྟར་རོ༎ ་༎གྲུབ་ཆེན་ལྭ་བ་པས་ཨ་བྷི་དྷ་ན་ལ་བརྟེན་ནས་བཀྲལ་བའི་དཔལ་འཁོར་ལོ་བདེ་མཆོག་སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལཱུ་ཧི་པ། ཌེཾ་གི་པ། ལྭ་བ་པ། ཨིནྡྲ་བྷཱུ་ཏི། ཀ་ཙ་ཊ་པ། དྲིལ་བུ་པ། ཛཱ་ལནྡྷ་ར། ནག་པོ་པའམ། ཡང་ན། དྲིལ་བུ་པ། རུས་སྦལ་ཞབས། ལངྐ་ལིང་པ། ནག་པོ་སྤྱོད་པའི་རྡོ་རྗེ། ཀུ་ཤ་ལ་ནཱ་ཐ་སྟེ་དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། མན་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་དནྟ་པ། ལོ་ཙཱ་བ་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གཟེ་པ་བློ་ལྡན་སེང་གེ་གཟེ་པ་ཇོ་བདེའམ་བདེ་མཆོག་རྡོ་རྗེ། སློབ་དཔོན་ཁུ་པ། ཁམས་པ་ལྷོ་ཚད་པ་ཀུན་དགའ་རིན་ཆེན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་ནམ། ཡང་ན། ལོ་ཙཱ་བ་མཆོག་ལྡན་ནས། གྲགས་པ་སེང་གེ་འཕགས་འོད། བུ་སྟོན། ཁྱུང་ལྷས་པ། དེས་བཀྲ་ཤིས་རིན་ཆེན་དང་། ཤར་ཆེན་གཉིས། གཉིས་ཀས་ངོར་ཆེན། དེ་ནས་མུས་ཆེན་སངས་རིན། དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ་དེས་ཐར་པཎ་དང་། མུས་ཆེན་ནམ་མཁའ་དཔལ་བཟང་གཉིས། གཉིས་ཀས་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་ནས་བྲང་ཏི་ནམ་མཁའ་སངས་རྒྱས། ཆོས་རྗེ་དམ་ཆོས་བསམ་