[A:139]
གོང་ལཱུ་ཧི་པའི་བདེ་རམས་བརྒྱུད་པ་ལྟར་རོ༎ ་༎བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས་བསྟན་པའི་རྡོ་རྗེ་རྣལ་འབྱོར་མ་ཕག་གདོང་ཆེན་མོ་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་ཇོ་ནང་སྒྲུབ་ཐབས་དང་། མཁའ་འགྲོ་རྒྱ་མཚོའི་དབང་ཆོག་ཁ་བསྒྱུར་བའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། གོང་གི་བདེ་མཆོག་དྲག་པོ་ཕྱག་འབུམ་ལྟར་རོ༎ ་༎སློབ་དཔོན་ཞི་བ་སྦས་པས་ཕག་མོའི་རྟོགས་པ་དང་རྩ་བཤད་ཁོག་བསྡེབས་ནས་བཀྲལ་བའི་རྡོ་རྗེ་ཕག་མོ་འབྱུང་བ་ལྷ་ཉེར་གཅིག་མའི་དཀྱིལ་འཁོར་དུ་ཇོ་ནང་སྒྲུབ་ཐབས་དང་། ནག་པོའི་དཀྱིལ་ཆོག་ཁ་བསྒྱུར་བའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཡེ་ཤེས་བཤེས་གཉེན། ཞི་བ་སྦས་པའམ་བདེ་བ་ཆེན་པོའི་རྡོ་རྗེ། གོ་བི་པ། ནིརྤཱ་ཎི་ཤྲཱི་ཏཱ་ར་ནཱ་ཐ་མན་གོང་ལཱུ་ཧིའི་བདེ་རམས་བརྒྱུད་པ་ལྟར་རོ༎ ་༎གྲུབ་པའི་སློབ་དཔོན་ཆེན་པོ་པདྨཱ་ཀ་རས་ཁྲག་འཐུང་གལ་པོ་ཆེའི་རྒྱུད་ལ་བརྟེན་ནས་བཀྲལ་ཏེ་འཁོན་ཀླུ་དབང་སྲུང་བ་ལ་སྩལ་བའི་དཔལ་ས་སྐྱ་པའི་ཡབ་ཆོས་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་རྒྱལ་དབང་ལྔ་པའི་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། དཔལ་ཆེན་ཧེ་རུ་ཀ་བཅོམ་ལྡན་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་རོ་ལངས་བདེ་བ། སློབ་དཔོན་སངས་རྒྱས་གསང་བ། སློབ་དཔོན་ཆེན་པོ་ཧཱུྃ་ཀར། སློབ་དཔོན་པདྨ་ཐོད་ཕྲེང་རྩལ། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། སྣ་ནམས་རྡོ་རྗེ་བདུད་འཇོམས། གཉགས་ཆེན་ཛྙཱ་ན་ཀུ་མཱ་ར། འཁོན་ཀླུ་དབང་སྲུང་