[A:17]
རྡོ་རྗེ། ཀུན་དགའ་སྙིང་པོ། པྲ་ཛྙཱ་བོ་དྷི། མུཀྟི་ཀོ་ཥ། ཤྲདྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སུམ་སྟོན་ཡེ་ཤེས་འབར། འོར་སྟོན་ལྷ་དབང་། འོར་སྟོན་སངས་རྒྱས་འབར། ལྷོ་པ་ཏིང་འཛིན་བཟང་པོ། རྗེ་ཆོས་ཀྱི་སེང་གེ་རྗེ་ཆོས་ཀྱི་མགོན་པོ། དབུས་པ་བླ་མ་སངས་རྒྱས་འབུམ། མང་མཁར་ལོ་ཙཱ་བ་མཆོག་ལེགས་བློ་གྲོས། བླ་མ་དཔལ་ལྡན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ལོ་ཆེན་བྱང་ཆུབ་རྩེ་མོ། །ལོ་ཙཱ་བ་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རྗེ་འཇམ་དབྱངས་གྲགས་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག། ཆོས་སྐུ་ལྷ་དབང་གྲགས་པ། ཇོ་ནང་ཀུན་དགའ་སྙིང་པོ་མན་གོང་ལྟར་རོ༎ ་༎
སྟོན་མཆོག་ཉི་མའི་གཉེན་གྱི་བཀའ་མདོ་བརྒྱད་བརྒྱ་པ་ལ་བརྟེན་ནས་སློབ་དཔོན་ཞི་བ་འཚོས་བཀྲལ་བའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་བདེར་གཤེགས་སྨན་ལྷ་མཆེད་བརྒྱད་ལྷ་ཞེ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་འཁོན་སྟོན་བསོད་ནམས་དཔལ་འབྱོར་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སྟོན་མཆོག་ཐུབ་པའི་དབང་པོ་ཤཱཀྱ་སེང་གེ་འཕགས་པ་འཇམ་དཔལ་དབྱངས། མཁན་ཆེན་པོ་བོ་དྷི་ས་ཏྭའམ་ཞི་བ་འཚོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཆོས་རྒྱལ་སད་ན་ལེགས་འཇིང་ཡོན། མངའ་བདག་ཁྲི་རལ་པ་ཅན། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུང་། ཁྲི་དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེའམ་ལྷ་བཙུན་བྱང་ཆུབ་འོད། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ་བྱང་ཆུབ་ཚུལ་ཁྲིམས། ཞུ་ལྷན་པ་ཤེས་རབ་