[A:90]
དཔལ་བཟང་ལས། ཤར་ཆེན་དང་ནམ་མཁའ་སངས་རྒྱས་གཉིས། གཉིས་ཀ་ལས་རྗེ་དམ་ཆོས་པས་སོ། །ཡང་ན། སྔ་མ་གཉིས་ལས་གཟར་ཆེན་པས། དེ་ལས་དམ་ཆོས་པས་སོ། །ཡང་ན། རྭ་འབུམ་སེང་ནས། རོང་པ་རྒྭ་ལོ། རོང་པ་ཤེར་སེང་། རོང་པ་རྡོ་རྗེ་རྒྱལ་མཚན། ཀུན་མཁྱེན་བུ་སྟོན། རིན་ཆེན་རྣམ་རྒྱལ། ས་བཟང་འཕགས་པ། ངོར་ཆེན་མན་འདྲ། ཡང་ན། རོང་པ་ཤེར་སེང་ནས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ། བླ་མ་དགེ་བ་རྒྱལ་མཚན། བླ་མ་ཤེས་རབ་ཟླ་དབང་། སྔགས་འཆང་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། ལྷ་མཆོག་སེང་གེ་མན་འདྲ། ཡང་ན། ནམ་མཁའ་དཔལ་བཟང་ནས། བྲང་ཏི་ནམ་མཁའ་སངས་རྒྱས། ཧོར་ནམ་མཁའ་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། དེའི་དབོན་རིན་ཆེན་མཆོག་གྲུབ། དཔལ་ལྡན་རིན་ཆེན་ཆོས་མཛོད། ཐར་རྩེ་ནམ་མཁའ་བསམ་འགྲུབ་མན་འདྲ། ཡང་ཇོ་ནང་གཤིན་རབ་ལྟར་ཐོབ་པའི་བརྒྱུད་པ་ནི། རྭ་འབུམ་སེང་ཡན་གོང་ལྟར་ལ། དེ་ནས་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། གྲུ་གུ་མཁར་སྔོན་པ་རིན་ཆེན་རྒྱལ་མཚན། རྭ་ཆོས་དབྱིངས། བརྩོན་འགྲུས་སེང་གེ་ཆོས་ཀྱི་བཀྲ་ཤིས། ཤེས་རབ་སེང་གེ་རྭ་ཀུན་དགའ་སེང་གེ་རྭ་ཆོས་ཀྱི་སེང་གེ་རྭ་འཇམ་དབྱངས་བློ་གྲོས། རྭ་བློ་གྲོས་རྒྱ་མཚོ། རྭ་ཚུལ་ཁྲིམས་རྣམ་རྒྱལ། རྭ་དོན་གྲུབ་ལེགས་པ། རྭ་ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོ། དེས་སྙིང་པོ་མཐའ་ཡས། ཡེ་ཤེས་རྒྱ་མཚོ། རིན་ཆེན་རྒྱ་མཚོ་གསུམ། གསུམ་གས་ཀུན་བཟང་དབང་པོ། དེ་ནས་རིག་འཛིན་ཚེ་དབང་ནོར་བུ། སི་ཏུ་ཆོས་ཀྱི་འབྱུང་གནས་སམ་བསྟན་པའི་ཉིན་