R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 92
[A:92] སྔགས་འཆང་རྟ་ར་བ་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། སྔགས་འཆང་ཀུན་དགའ་རིན་ཆེན། བྱམས་པ་སྨོན་ལམ་གྲགས་པ། རྗེ་བླ་མ་འཇམ་དབྱངས་བློ་གསལ། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལ་ལན་གསུམ་དུ་བཀའ་དྲིན་སྩལ་ཏོ། །ཡང་ན། ཀུན་དགའ་ལེགས་འབྱུང་ནས། ས་ཆེན་ཀུན་བློ། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་བདག་ལའོ། །ཡང་བརྒྱུད་ལུགས་གཅིག་ལ། ཚར་ཆེན། མཁྱེན་བརྩེ། དེ་ལས་བསླབ་གསུམ་རྒྱལ་མཚན། བསོད་ནམས་ཆོས་འཕེལ། བསོད་ནམས་ཚུལ་ཁྲིམས་གསུམ། ཡབ་སྲས་ལྔ་ག་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་པ་མན་འདྲ། ཡང་ན། རོང་པ་ཤེར་སེང་ནས། འཕགས་འོད་ཡོན་ཏན་རྒྱ་མཚོ། སྤང་ཁང་གྲགས་པ་དཔལ་བཟང་། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་མ་ཏི་པཎ་ཆེན། དེའི་དབོན་ས་བཟང་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན། ནམ་མཁའ་བརྟན་པ། སྒོམ་རུམ་པ། ཚར་ཆེན་མན་འདྲ། གོང་དཀར་ལུགས་ཀྱི་བརྒྱུད་པ་ནི། རྭ་འབུམ་སེར་ཡན་གོང་ལྟར་ལ། དེ་ནས་ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་