[A:97]
ཟླ་བ། ཅོག་གྲུ་ཤེས་རབ་བླ་མ། དགེ་འདུན་བཟང་པོ། དབང་ཕྱུག་བསོད་ནམས། རྡོ་རྗེ་རྩེ་མོ། ཉི་མ་འོད་ཟེར། རིན་ཆེན་གྲགས་པ། བསམ་གླིང་པ་རྡོ་རྗེ་འོད་ཟེར། འཛིམ་པ་རིན་ཆེན་ཤེས་རབ། ཉི་མ་བཤེས་གཉེན། ཨེ་པ་འཁོན་སྟོན། དཀོན་མཆོག་བཟང་པོ། ནམ་མཁའ་སྨོན་ལམ། ནམ་མཁའ་བཟང་པོ། མཁས་གྲུབ་ཆོས་བཟང་། སངས་རྒྱས་དར། བློ་གྲོས་རིན་ཆེན། དངོས་གྲུབ་རྒྱ་མཚོ། ཤེས་རབ་རྒྱ་མཚོ། ཏཱ་ར་ནཱ་ཐ་མན་གོང་ཇོ་ནང་ལུགས་དགྲ་ནག་དང་འདྲའོ། །ཇོ་ནང་གཤིན་རམས་ལྟར་ཐོབ་པའི་བརྒྱུད་པ་ནི། སྐྱོ་འོད་འབྱུང་སྦས་པ་ཡན་གོང་ལྟར་ལ། དེའི་སྲས་སྐྱོ་འཇམ་མེ་དང་། སྐྱོ་སད་དེ་གཉིས་ཀ་ལས། འཇམ་མེའི་སྲས་སྐྱོ་ཁམས་པས་གསན། དེ་ནས་གཉན་རིན་ཆེན་བསྟན་པ། གཉན་འོད་སྲུང་མགོན་པོ། གཉན་ཆོས་ཀྱི་རྒྱལ་པོ། འཛིམ་པ་རིན་ཆེན་ཤེས་རབ། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ལ་རྡོ་བ་བསོད་ནམས་སེང་གེ་ཀློག་སྐྱ་གྲགས་ཆེན། སྤང་ཁང་པ་གྲགས་པ་དཔལ། ས་བཟང་པཎ་ཆེན། དེའི་དབོན་ས་བཟང་འཕགས་པ། ས་བཟང་སློབ་དཔོན་ཟླ་བ་རྒྱལ་མཚན། བླ་མ་བློ་གྲོས་གྲགས་པ། བྱམས་པ་རྡོ་རྗེ་རྒྱལ་མཚན། བླ་མ་ཤེས་རབ་རིན་ཆེན་དཔལ། རྡོ་རིང་དབོན་ཀུན་དགའ་རྒྱལ་མཚན། ཏཱ་ར་ནཱ་ཐ་མན་གོང་དགྲ་ནག་དང་འདྲའོ༎ ་༎
གྲུབ་དབང་ཤྲཱི་བྷ་དྲ་དང་ནཱ་རོ་པ་སོགས་ཀྱིས་བཀྲལ་བའི་འཇིགས་བྱེད་མལ་ལུགས་སམ་ས་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་ཀུན་མཁྱེན་བསོད་ནམས་སེང་གེའི་སྒྲུབ་དཀྱིལ་དང་། ཀུན་བློའི་མཚམས་སྦྱོར་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་