[A:༡༨]པོ་གོག་པོ་འདི་ལ་ཆོས་ཡོད་ཀྱི་མྱུར་བར་ཤོག་བུལ་ན་ང་འཆི་གསུངས་ནས་ལམ་འབྲས་ཐོ་རེ་བ་ཅིག་གནང༌། བཞུད་བར་དགོངས་པས་དགེ་བཤེས་འཁོན་ཆུང་གི་ཞལ་ནས། དེ་ལ་ཅི་ཡང་མེད། ངའི་བླ་མ་མངའ་རིས་པའི་ཆོས་ཀྱི་བྲལ་བྲུལ་བསྒྲུབས་པ་ཡིན་གསུངས་ནས་འགྲོར་མ་གནང༌། ཕྱིད་ལོ་བཞུད་པས་བླ་མ་སེ་འདས་གསུངས། དེའི་སློབ་མ་གང་དྲག་དྲིས་པས། རྗེ་དགོན་པ་བས་དག་པར་ཐོས་ནས་རྗེའི་སྤྱན་སྔར་མཆིས་པས་བླ་མ་ས་སྐྱ་པ་ཆེན་པོའི་ཡབ་བླ་མ་སེའི་སློབ་དཔོན་ཡིན་པས་བླ་མ་བརྒྱུད་པའི་རིམ་པའི་དམ་ཚིག་ལ་དགོངས་ནས་གདམས་ངག་མ་ལུས་པར་ཚང་བར་གནང་གསུང་ངོ༌། །བོད་ཀྱི་ལོ་རྒྱུས་བསྡུས་པ་ལགས་སོ། །ཚངས་པར་སྤྱོད་པའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་ཨི་ཐི།།