[A:4b]དེས་
ཁྱོད
གྲུབ་པ་ཐོབ་པར་འགྱུར་གསུང་ནས༔ བ་གླང་སྐྱོང་ལ་ཁྱོད་ཀྱིས་ཙའུ་རུང་བསྒྲུབ་པ་བྱེད་པའི་བཟའ་ཏུང་དང༔ ཞབས་ཏོག་བྱེད་ཐུབ་པཾ་གསུངས་པས༔ ཐུབ་ཟེར་འོ་ན་ལོ་བཅུ་༢་བཟའ་ཏུང་བྱིན་༡༔ ཡན་ལག་མེད་གྲུབ་པ་ཐོབ་ནས༔ ཁྱེད་ལ་མན་ངག་རྣམས་སྟེར་བ་ཡིན་ནོ་གསུངས་པས༔ བཀའ་གནང་པ་བཞིན་ལོ་བཅུ་༢་སྒྲུབ་པར་ཁས་བླངས་ནས༔ གོ་རེག་གི་ཉིན་རེ་བཞིན་བཟའ་བཏུང་གྲངས༔ གཡོག་གང་དགོས་ལོ་བཅུ་༢་ཀྱི་བར་བྱས་སོ༎ དེའི་སྒྲུབ་པ་བྱེད་པའི་གནས་ཆུ་ཆེན་པོའི་འགྲཾ་༡་དུ་ཡོད་དོ༎ དེའི་ཚེ་ཚོང་པ་མང་པོ་༡་བཟིངས་ལ་བྱུང༔ གསེར་དང༔ དངུལ་དང༔ མུ་ཏིག་དང༔ ནོར་བུ་ལསྭོ་པ་དུ་མ་ཁྱེར་ནས་ཡོངས་པས༔ ཙའུ་རུང་གི་སུ་ཡིན༔ གང་དུ་འགྲོ་དྲིས་པས༔ ཚོང་པ་རྣམས་ཀྱིས་རྒྱལ་པོའི་ཁྲལ་ལེན་མིར་གོ་ནས༔ སོལ་བ་ལེན་མི་ཡིན་བྱས་པས༔ དེར་ཙའུ་རུང་གིས་ཤེས་བཞིན་དུ༔ དངོས་པོ་ཐམས་ཅད་སོལ་བར་སོང་༡་[B:539]ཅེས་བརྗོད་པས༔ ཁོང་རྣམས་རྒྱལ་པོའི་ཁྲལ་ལེན་མིའི་ཁ་ནས་ཐར་སྙམ་ནས་ཆུའི་ཡར་རྒལ་དུ་སླེབ་པ་དང༔ རིན་པོ་ཆེ་དང༔ ནོར་ཐམས་ཅད་སོལ་བར་སོང་འདུག་ནས་བསམས་པས༔ ད་ཅི་དེ་གྲུབ་ཐོབ་དུ་གོ་ནས། སླར་ཁོང་གི་དྲུང་དུ་ཕྱིན་སྟེ༔ རྣལ་འབྱོར་ཆེན་པོ་ཡིན་པར་མ་ཤེས་ནས༔ བརྫུན་ཞུས་པ་ལ་བཟོད༔ པ་མཛད་ཏེ༔ དངོས་པོ་རྣམས་སླར་བཞིན་ཞུ་ཞུས་པས༔ དེ་བཞིན་དུ་གྱུར་༡་གསུངས་པས༔ རང་རང་གི་རིན་པོ་ཆེ་སྭོ་ཁྱེར་རོ༎ དེར་བླ་མ་ཇི་ལྟར་གསུང་པ་བཞིན༔ ཡན་ལག་ཐམས་ཅད་རྫོགས༎