[B:༡༡][...]
Carving Colophon, f. 11 (partial transliteration)
[...]src: several wish-verses are not transliterated here
ཕན་དང་བདེ་བ་ཀུན་གྱི་རྒྱུ༎
བསོད་ནམས་དང་ནི་ཡེ་ཤེས་ཀྱི༎
ཚོགས་གཉིས་དགེ་བ་གང་དག་གིས༎
བསགས་པ་རྣམས་ལ་བདག་ཡིད་རང༎
མགོན་ཁྱོད་ནམ་མཁའ་ཇི་སྲིད་པར༎
མྱ་ངན་མི་འདའ་རྟག་བཞུགས་ནས༎
མ་རིག་མུན་པར་ལྷུང་རྣམས་ལ༎
ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༎
བདག་གིས་བགྱིད་དང་བགྱིད་འགྱུར་གྱི༎
བསོད་ནམས་ཕུང་པོ་ཅི་ཡོད་པ༎
དེ་དག་སེམས་ཅན་ཀུན་དོན་དུ༎
བྱང་ཆུག་མཆོག་ཏུ་ཡོངས་སུ་བསྔོ༎
ཞེས་པའི་བསྒྲུབ་ཐབས་འདི་
འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་པར་དུ་བསྒྲུབས་པའི་དོ་དམ་བཙུན་པ་ཆོས་སེང་གིས་བགྱིས། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཕྱོགས་ཐམས་ཅད་དུ་དར་རྒྱས་ཡུན་དུ་གནས་པར་གྱུར་ཅིག། ཤུབྷཾ༎