R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༥༣
[A:༥༣]སྡེ་བཙན་བྱུང་ངོ༌། །དེ་ཡང་བློན་པོ་ཆེན་པོ་དང་ཞང་ཁྲི་འབུམ་རྗེ་སྟག་ཉ་ལ་སོགས་པས་རྒྱ་དྲུག་སྤང་སྐོང་ནས་འཇལ་དུམ་ཚུས་གསོལ་ཏེ། ཆུ་ཕོ་སྟག་གི་ལོ་ལ་རྒྱ་དང་འཇལ་དུམ་བྱས། ཆུ་མོ་ཡོས་བུའི་ལོ་ལ་ཧོར་དང་འཇལ་དུམ་བྱས་ཏེ། ཆུ་ཕོ་སྟག་གི་ལོ་འདི་ཕན་ཆད་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་རྩ་ལྔ་ལོན་ཏེ། སླན་ཆད་ཀྱང་དེ་བཞིན་དུ་བརྩིའོ། །དེ་ནས་མེ་ཕོ་འབྲུག་གི་ལོ་ལ་བྲུ་ཤ་ཡུལ་གྱི་བདུན་པ་ཤིབ་པེ་ལྕོག་མ་ཚལ་དུ་སྟོད་ཀྱི་ཆོས་ཀྱི་གཞི་འཛིན་བནྡེ་ཆོས་ཀྱི་བློ་གྲོས་དང༌། ཞང་སྐྱིན་སུམ་རྗེ་ལ་སོགས་པས་བཏུས་པའི་དུས་སུ་བརྩིས་པ་ན་ལོ་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་རྩ་དགུ་ལོན། དེ་ནས་ཤིང་མོ་གླང་གི་ལོ་ལ་གཙང་དང་གཡོན་རུ་བཙན་པོ། ཁྲི་དཔལ་འཁོར་བཙན་གཙང་ལ་སྟོད་གྲོམ་པའི་ལྷ་རྩེ་ན་བཞུགས་ནས་ཡབ་ཀྱི་འདེད་མཛད་པའི་དུས་ན་བརྩིས་པས། སུམ་སྟོང་སུམ་ཅུ་སོ་བརྒྱད་ལོན་ནོ། །དེའི་དུས་ན་རྒྱལ་པོ་མགོན་སྤྱོན་འཕན་ཡུལ་བྲག་མཁར་ན་བཞུགས་སོ། །ཆུ་ཕོ་འབྲུག་གི་ལོ་ལ་ལྕོག་མ་ཡུལ་གྱི་སྦེད་
སྒེག་མོ་ཟེར་
མཁར་དུ་སྟོད་སྨད་ཀྱི་ཡབ་མཆེད་གདན་འཛོམ་པའི་དུས་སུ་མོལ་པ་ཆེན་མོ་མཛད་ཏུམ་ཡུལ་པ་རྒང་གི་དབེན་པ་གསར་དུ་བཙུགས་པའི་དུས་སུ་བརྩིས་པ་ན་ལོ་སུམ་སྟོང་ཆིག་བརྒྱ་ཉི་ཤུ་རྩ་ལྔ་ལོན་ནོ། །དེ་ནས་མེ་མོ་འབྲུག་གི་ལོ་ལ་ལྷ་བླ་མ་ཡབ་སྲས་དབེན་གནས་ས་སྒམ་བྱམས་སྲིན་གླིང་དུ་ཞལ་འཛོམ། ལྷ་སྲས་གཅུང་ལྷ་འཁོར་རབ་ཏུ་བྱུང༌། གུ་གེ་ཡུལ་ན་གནས་པའི་བངས་ཞང་ཞུང་གི་ཆེམས་ཀྱི་འཁོས་ཆེན་པོ་མཛད་པའི་དུས་སུ་བརྩིས་པ་ལ་ལོ་སུམ་སྟོང་ཆིག་བརྒྱ་བཞི་བཅུ་ཞེ་དགུ་ལོན་ཏེ། སླན་ཆད་ཀྱང་དེ་བཞིན་དུ་བརྩིའོ། །དེ་ལྟར་བརྩིས་བ་ལས་ལོ་བཞི་བསྐྱེད་པ་ནི་རྒྱ་གར་གྱི་རྒྱལ་པོ་རྣམས་ཀྱིས་བརྩིས་པ་དང༌། རྒྱལ་པོ་ཁྲི་གཙུག་
དེ་མན་ཆད་ཀ་མ་ལ་ཤཱི་ལས་བསམ་ཡས་སུ་བརྩིས་པ་དང་མཐུན། དེ་ནས་ལྕགས་ཕོ་བྱི་ལོ་ལ་ཁྲི་གཙུག་ལྡཻ་བཙན་ནོངས་ཕན་ཆད་ལོ་བཅུ་དགུ་བསྣན། དེ་ནས་དན་ཏིག་ཏུ་མེ་མོ་གླང་ལོ་ལ་སློབ་