R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༥ན
[A:༡༤༥ན]པོའི་ཚེས་ལ་གུ་ན་
ཡོན་ཏན་རིན་ཆེན་འབྱུང་གནས་དཔལ་ས་སྐྱའི་
རཏྣ་ཀ་རཿཤྲཱི་ཝན་བྷུ་མི་པཎྜུ་ཀའི་གནས་མཆོག་བཞི་ཐོག་བླ་བྲང་ཆེན་མོའི་གཙུག་ལག་ཁང་གི་ཡང་སྟེང་སྔོན་མེད་གསར་དུ་བསྐྲུན་པའི་ལི་མ་ལྷ་ཁང་རྡོ་རྗེའི་གདན་དང་། རྒྱ་ནག་ལྷ་ཁང་རི་བོ་རྩེ་ལྔའི་བྱ་འདབས་དཔེ་ཁང་ཆོས་མཛོད་ཆེན་མོར་ལེགས་པར་སྦྱར་བའོ། །ཡང་སྨྲས་པ། འདི་ལྟར་བགྱིས་པའི་ཡི་གེའི་འདུ་བྱེད་མཁན། །རང་དང་ཉེར་གནས་དགེ་སློང་རྡོ་རྗེ་འཛིན། །གཞུང་ལུགས་ཀུན་ལ་རྣམ་དཔྱོད་བློ་རྒྱས་པའི། །རབ་འབྱམས་སྨྲ་བ་བསམ་གཏན་རྒྱ་མཚོས་བགྱིས། །བསྟན་བཅོས་འདི་ལ་ནོངས་པའི་ཆ་མཆིས་ན། །མཆོག་གཟིགས་དམ་པ་རྣམས་ཀྱི་སྤྱན་སྔར་བཤགས། །བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པའི། །སྔོན་བསགས་སྡིག་དང་ལྷན་ཅིག་སྦྱང་དུ་གསོལ། །ལེགས་བཤད་འདི་དོན་འཛིན་དང་སེམས་པ་དང་། །རི་མོར་འབྲི་སོགས་བློ་གསལ་དོན་གཉེར་བ། །དེ་དག་རྣམས་ལ་བསྲུང་ཞིང་སྐྱོབ་པ་དང་། །ཆོས་འདི་སྤེལ་བ་ནོར་
ཨུ་རྒྱན་མཁའ་འགྲོའི་གླིང་ན་བཞུགས་པའི་
སྐྱོང་ཕོ་མོས་མཛོད། །འདིས་བདག་ཅག་དཔོན་སློབ་རྣམས་ཀྱི་འདི་ཕྱིའི་དོན་ཐམས་ཅད་ཡིད་ལ་རེ་བ་བཞིན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།
ཐམས་ཅད་བཀྲ་ཤིས།
ཀ་ལྱ་
དགེ་ལེགས་འཕེལ་བར་གྱུར་ཅིག་
ན་ཝནྡྷནྟུ། དྷརྨེ་
ཆོས་འདི་དར་བར་གྱུར་ཅིག
ཨུ་ད་ཡ་མསྟུ། ཨི་
འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག
དམ་