[A:༥༡བ]བར་བྱས་པ་ཡིན་ནོ། །གནོད་སྦྱིན་ཡབ་ཡུམ་ལ་སྐྱེ་རྒྱུད་ལོགས་སུ་མི་འབྱུང་བ་ཡང་མགོན་པོ་ལྕམ་དྲལ་གྱི་ཐུགས་ཀ་ནས་སྤྲུལ་པ་ཡིན་པས་ལྕམ་དྲལ་དང་ཐུགས་རྒྱུད་གཅིག་པས་ན་དེ་གཉིས་ཀྱི་སྐྱེ་རྒྱུད་ཀྱི་དོན་ཐོབ་ཤུགས་བསྟན་གྱི་ཚུལ་དུ་བསྟན་པ་ཡིན་ལ། ལས་མཁན་ཟངས་གྲི་ཅན་ཕྱི་ནང་དང་། སྒོ་མ་བཞི། བྲན་བདུད་སོགས་ལ་སྐྱེ་རྒྱུད་དང་རྒྱུད་ཀྱི་དངོས་བསྟན་གྱིས་ཟིན་པ་མ་མཐོང་། བེར་ནག་ནི་ནང་སྒྲུབ་ཀྱི་ཚེ་སྲས་ཀྱི་ཚུལ་དུ་བསྐྱེད་པས་སྲས་ཟངས་གྲི་ཅན་དུ་གྲགས་ཤིང་། གཅེར་བུ་དང་བྲན་བདུད་གཉིས་ལ་ནི་སྒྲུབ་ཐབས་རྒྱ་གཞུང་བྲམ་ཟེས་མཛད་པ་ཡོད་པར་སྣང་ལ། གནོད་སྦྱིན་ཡབ་ཡུམ་དང་། པུ་ཏྲ་མིང་སྲིང་གི་བོད་རྦད་བསད་གསུམ་གྱི་སྔགས་རྣམས་མ་མོ་སྲོག་གི་འཁོར་ལོའི་རྒྱུད་ཅེས་བྱ་བར་འབྱུང་། པུ་ཏྲ་མིང་སྲིང་ལ་འཕགས་ཡུལ་ན་དྲེགས་པ་ཕོ་མོའི་རྒྱུད་ཅེས་བྱ་བ་ཡོད་པ་ལས། འཕགས་པ་ཀླུ་སྒྲུབ་ཀྱིས་ཟུར་དུ་བཀོལ་བའི་སྒྲུབ་ཐབས་རྡོ་རྗེ་