[A:༥བ]པ་མཆོག་གི་བསྟན་པ་ལ། །འཛིན་དང་སྐྱོང་དང་སྲུང་བ་གསུམ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བདག་ཏུ་གཉེར་ཞིང་སྲུངས་ཞིང་བརྩོན། །ཞེས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་ཞིང་བཀའ་ལ་གནས། །དམ་ཚིག་འཛིན་པའི་ཞིང་སྐྱོང་པ། །མགོན་པོ་ས་བཅུའི་དབང་ཕྱུག་གཙོ། །དཔལ་ལྡན་རིག་འཛིན་ཐམས་ཅད་ལ། །མཆོག་ཏུ་གྱུར་པའི་ལས་སྒྲུབ་པ། །དཔལ་ལྡན་ནག་པོ་ཆེན་པོ་ནི། །འདིས་ནི་ལྷ་མིན་མ་ལུས་པའི། །གཡུལ་ལས་རྒྱལ་བར་བྱེད་པ་ཡིན། །ཞེས་དང་། བཅོམ་ལྡན་ཚེ་ལོ་བརྒྱ་བའི་དུས། །དེ་ཉིད་བསྟན་པའི་སྙིགས་མ་ཡི། །ལྔ་བརྒྱ་པ་ཡི་དུས་ཀྱི་མཐར། །ཤིན་ཏུ་གདུག་ཅིང་རྩུབ་པ་དང་། །མི་བསྲུན་པ་ཡི་དུས་ཀྱི་ཚེ། །དེ་ཚེ་མགོན་པོའི་བསྟན་པ་འབྱུང་། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ལྟར་སྲུང་མ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས། འཇིག་རྟེན་པའི་