[A:༥༧ན]བསྟན་ནས་དམ་ལ་བཏགས་ཏེ། ཕྱི་རབས་ཀྱི་རྣལ་འབྱོར་པ་ལ་སྟོང་གྲོགས་མི་བརྗེད་པའི་ཕྱིར་ཐོད་པའི་འཕྲེང་བ་རྟགས་སུ་བྱིན་པ་སོགས་འདིའི་ལོ་རྒྱུས་རྒྱས་པ་ནི་དཔལ་ཧེ་རུ་ཀས་གསུངས་པའི་བདུད་ནག་པོ་ཆེན་པོའི་རྒྱུད་ལེའུ་བདུན་གྱི་བདག་ཉིད་ཅན་ཞིག་འབྱུང་བ་དེ་ཉིད་ལས་ཞིབ་ཏུ་རྟོགས་པར་བྱ་སྟེ། དེའང་ལེའུ་དང་པོ་གླེང་གཞིའི་ལེའུ། གཉིས་པ་གླེང་བསླང་བའི་ལེའུ། གསུམ་པ་སྒྲུབ་པའི་ལེའུ། བཞི་པ་དམ་བཅའ་བའི་ལེའུ། ལྔ་པ་བསྐུལ་ཞིང་རྫས་བསག་པའི་ལེའུ། དྲུག་པ་བསྟན་པ་གཏད་པའི་ལེའུ། བདུན་པ་གདམས་པ་བསྟན་པའི་ལེའུ་རྣམས་སུ་ཡོད་པའི་རྒྱུད་དེ་ཉིད་ཀྱིས་གསལ་བར་བསྟན་པ་ཡིན་ཞིང་། ཕུར་སྲུང་མ་མོ་སྡེ་གསུམ་པོ་འདི་རྣམས་ཀྱང་ངེས་དོན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་སྣང་ངོར་སྔོན་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུས་གདུལ་བྱ་རུ་ཊ་མ་རུངས་པ་བཏུལ་བའི་དུས་སུ་རང་རང་གི་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས་ནས་བསྟན་པ་བསྲུང་བར་ཞལ་གྱིས་