[A:༦༠ན]མཐུ་ཆེ་བས་འཇིག་རྟེན་ཕུང་དོགས་གནས་ཡུལ་སོ་སོར་བཀར་ཏེ། སྤྱི་གཙུག་ཏུ་རྡོ་རྗེ་བཞག་ནས་དབུ་ལ་དབང་གི་ཅོད་པཎ་རེ་དང་། ལུས་ལ་དབང་གི་བསེ་ཁྲབ་རེ། ལྷ་རྟ་བཞོན་པ་རེ། རྟེན་པའི་གནས་སུ་མཚོ་བཞི་བྱིན་ནས་ཡུལ་ཁམས་སོ་སོར་བཞག་གོ །དེ་ལྟར་ཕུར་སྲུང་བཅུ་གཉིས་བྱུང་ཚུལ་འདི་ལ་ས་བདག་མའི་སྐབས་སུ་ལྷ་མོ་བཞི་ཀར་དམ་ལ་བཏགས་ཚུལ་དང་། བདག་ཉིད་མའི་སྐབས་སུ་རེ་མ་ཏི་རྐྱང་པ་དང་། ཤྭ་ན་མའི་སྐབས་སུ་གདོང་མོ་བཞིའི་ནང་ནས་ཝ་གདོང་མ་གཅིག་པུ་དམ་ལ་བཏགས་ཚུལ་འདྲ་བ་ཞིག་བཤད་ཀྱང་། དོན་ལ་ས་བདག་མ་བཞི་དང་འདྲ་བར་བདག་ཉིད་མ་བཞི་དང་། ཤྭ་ན་མ་བཞི་ཡང་སོ་སོར་དུས་རེ་རེ་ལ་དམ་ལ་བཏགས་པར་མངོན་ནོ། །དམ་ཅན་བཅུ་གཉིས་པོ་བྱུང་ཚུལ་གྱི་གཏམ་རྒྱུད་འདི་དག་ཀྱང་། རྒྱུད་དངོས་མ་ཡིན་ཡང་། དེ་དང་འདྲ་བའི་ཚད་ཐུབ་ཏུ་བླ་མ་གོང་