[A:༦བ]སྒོ་ནས་དབྱེ་བ། གོ་འཕང་གི་སྒོ་ནས་དབྱེ་བ། རིགས་ཀྱི་སྒོ་ནས་དབྱེ་བ་དང་ལྔར་འདུས། དང་པོ་ལ། ངེས་དོན་གྱི་མགོན་པོ། དྲང་དོན་གྱི་མགོན་པོ་དང་གཉིས། དང་པོ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པ་ལྟར། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ཉིད་དོ། །དེའང་གང་གཉིས་སུ་མེད་ན་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པས་ན་གཉིས་མེད་དོ། །དེ་སྐད་དུའང་མངོན་པར་འབྱུང་བའི་རྒྱུད་ཀྱི་ལེའུ་དང་པོ་ལས། མ་ཞེས་པ་ནི་སེམས་པའི་སྙིང་རྗེ་དང་། ཧཱ་ཞེས་པ་ཤེས་རབ་དང་སྦྱོར་བ་སྟེ། ཤེས་རབ་ཉིད་དོ། །ཀཱ་ལ་ནི་གཉིས་ཚོགས་པ་ལས་འདུས་ཏེ། ཐབས་དང་ཤེས་རབ་ཀྱི་སྙིང་རྗེ་ཆེན་པོ་ལ་སྦྱར་བའོ། །ཞེས་གསུངས། འདི་ཉིད་ལ་མཚོན་བྱ་དོན་གྱི་ཆོས་སྐྱོང་ངམ། གནས་ལུགས་བདེ་ཆེན་གྱི་ཆོས་སྐྱོང་ཞེས་ཀྱང་གྲགས། གཉིས་པ་ནི། གདུལ་བྱ་རྣམས་ལ་སྣང་བར་གྱུར་པའི་