[A:༦༨བ]ཕན་དུ་མ་བཏགས། བླ་མ་ལ་ལ་དག་དེ་ནས་གྲུབ་པ་ཐོབ་སྟེ་སྤྱོད་པ་མཛད་ཅེས་གསུངས་སོ། །ཞེས་གྲགས་ཤིང་། དེ་ཉིད་དོན་ལ་གནས་པ་ཡིན་ཏེ། འཕགས་པ་རིན་པོ་ཆེས་མཛད་པའི་མགོན་པོའི་བྲིས་སྐུ་བྲི་བའི་ཡི་གེར། ནོར་བུ་གླིང་པ་རྣལ་འབྱོར་པའི་ཆ་ལུགས་ཐོད་པ་འཛིན་པ་འབྲི་བར་བཤད་པའི་ཕྱིར་རོ། །དེའི་དྲུང་དུ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤྲདྡྷ་ཀ་ར་ཝརྨ་དད་བྱེད་གོ་ཆར་གྲགས་པས་ཞུས། དེའང་ཐོག་མར་ཡོ་ག་ལ་སོགས་པའི་རྒྱུད་སྡེ་ལ་ནན་ཏན་དུ་མཛད། གཞན་ཡང་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་དཔག་ཏུ་མེད་པ་གསན་ནས་མཁས་པའི་མཆོག་ཏུ་གྱུར། དུས་རེ་ཞིག་གི་ཚེ་བསྟན་པའི་རིམ་གྲོ་དགོས་པ་བྱུང་ནས་ནོར་བུ་གླིང་པ་མགོན་ཁང་དུ་སྤྱན་དྲངས་པའི་ཚེ། ནག་པོ་ཆེན་པོའི་གསུང་གིས་ཁྱོད་རང་གི་རིགས་པ་དང་མཐུན་ངེས་པའི་སློབ་མ་འདི་ལ་བདག་བྱིན་ལ་གསོལ་བ་འདེབས་སུ་ཆུག་ཅེས་ལུང་བསྟན་ཏེ་ཚོགས་ཀྱི་འཁོར་ལོ་དང་བཅས་ནས། སློབ་དཔོན་ཤྲདྡྷ་