[A:༨༠ན]ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་བོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང་། མགོན་པོ་མངོན་འབྱུང་གི་རྒྱུད་ལས། དེའི་ལྷོ་ཕྱོགས་སུ་གྲོང་ཁྱེར་ཨ་ཛ་ར་ཡོ་གི་ནི་ཞེས་པ་འབྱུང་སྟེ། དེར་ཀླུ་སྒྲུབ་ཅེས་བྱ་བའི་རྣལ་འབྱོར་པས་ཤིང་ཤ་ལ་ཞོན་པ་གཽ་པཱ་ལ་ཞེས་པ་ལ་རྒྱལ་པོ་སྦྱིན་པས། བུ་ཤི་ནས་བ་ཧ་ནའི་ཚ་བོ་ལ་སོགས་པའི་རྒྱལ་པོ་འབྱུང་ངོ་། །ཞེས་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། དགེ་སློང་ཀླུ་སྒྲུབ་ཅེས་བྱ་མ་ལུས་ཡོན་ཏན་འབྱུང་ཁུངས་སེམས་ཅན་ཀུན་ལ་