[A:༧༢ན]དགོས་པ་ཡིན། ངས་འཚོ་བ་རྙེད་གསུངས་ནས་ཕྱིན་པ་ཁ་ཆེར་གཤེགས་པ་ན། དྷརྨཱ་པཱ་ལ་ཡིན་བྱས་པ་ཙམ་གྱིས་འདོ་ལེ་ལ་སྤྱན་དྲངས། དེ་ནས་རྒྱ་གར་དུ་གཤེགས་པ་ནའང་དེ་བཞིན་དུ་སྤྱན་དྲངས་སོ། །དེས་ན་མེ་འབར་མའི་དཀར་ཆག་གི་ཡི་གེ་སོགས་སུ་ཁ་ཆེ་དྷརྨཱ་པཱ་ལ་ཞེས་འབྱུང་བ་ནི་བྲིས་མཁན་གྱིས་ནོར་བའམ་ཅུང་ཟད་འཕྲོད་མ་དག་པར་སྣང་སྟེ། པཎྜི་ཏ་འདི་རྒྱ་གར་ཤར་ཕྱོགས་པ་ཡིན་པར་རྩོད་མེད་དུ་ཡོངས་སུ་གྲགས་པའི་ཕྱིར་རོ། །དོན་འདི་དག་ལ་དགོངས་ནས་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། མེ་འབར་མ་ཡི་དཀར་ཆག་ཕལ་ཆེར་དུ། །ཁ་ཆེ་དྷརྨཱ་ཕ་ལ་ཞེས་གསུངས་པ། །ཡོ་ག་སྟོད་ལུགས་བརྒྱུད་པ་དེ་ཉིད་དང་། །གཅིག་གམ་གཅིག་ན་ཤར་ཕྱོགས་པར་བཤད་ཅིང་། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །དེ་ལྟར་རྒྱལ་བ་ཉིད་ཀྱིས་ལུང་