[A:༧༩ན]ནམས་རྒྱལ་མཚན། ཏཱ་དབེན་ཆེན་པོ། ལོ་ཙཱ་བ་ཚུལ་ཁྲིམས་བརྟན་པ། བསོད་ནམས་རྣམ་པར་རྒྱལ་བ། རྡོ་རྗེ་གདན་པ་ཆེན་པོ་མན་གོང་དང་འདྲའོ། །བླ་མ་ཁ་ཅིག་འདིའི་ཆོས་སྐོར་དུ་ལྷ་མོའི་ཕྱི་སྒྲུབ་མུ་སྟེགས་ཀྱི་ལུགས་སུ་སྒྲུབ་པ་འདྲེན་པར་སྣང་ཡང་འདི་ལོ་ཆེན་དང་། མར་པ་ལོ་ཙཱ་བ་ནས་བརྒྱུད་པའི་ཆོས་སྐོར་མ་གཏོགས། གྱི་ལྗང་ལུགས་དང་འབྲེལ་ཅུང་ཟད་ཙམ་མེད་པ་ཡིན་ནོ། །གང་ལྟར་ཡང་གྱི་ལྗང་ལུགས་འདི་ལ་གོང་དུ་བཤད་པའི་དབང་རྗེས་གནང་ལོ་རྒྱུས། རྒྱུད་འགྲེལ། སྒྲུབ་ཐབས། མན་ངག་དང་བཅས་པའི་ཡི་གེ་སྤུ་ཏི་གཅིག་གི་ལུང་སོགས་ཆ་ཚང་བ་ཞིག་ད་ལྟ་མ་ནུབ་པར་ཡོད་དོ། །ཁ་ཅིག་འདི་དག་གྱི་ལྗང་གིས་རང་དགར་བྱས་པ་ཡིན་གྱིས། ཚད་ལྡན་མ་ཡིན་ནོ་ཞེས་སྨྲ་ཡང་། རང་ལུགས་ནི་ཚད་ཐུབ་ཏུ་བཞེད་དེ། མལ་ལོ་ཙཱ་བས་འདིའི་ཆོས་སྐོར་རྣམས་གྱི་ལྗང་ལ་