[A:༨༤བ]ཐོན་པ་དང་། མགྲོན་བུ་དྲུག་བརྒྱ་ཙམ་ལ་སོགས་པའི་རྫས་ཅི་རིགས་པ་དང་། ཡུམ་གྱིས་བསྐུར་བའི་ཟས་རྣམས་ཁུར་ནས། ན་བཟའ་བག་ཙམ་སྲུལ་བ་བཞེས་ནས་ཉུང་སྡེའི་མོན་པ་ས་རྒྱུས་ཤེས་པ་གཅིག་དང་གསུམ་བསྡེབས་ནས་བྱོན་ཏེ། ཡུམ་གྱིས་རོས་ཕུག་གི་བར་སྐྱེལ་མ་མཛད། ཁུ་ནུབ་ནས་གར་ཤ་ལ་ཐོན་ཏེ་བསོད་སྙོམས་མཛད་ཅིང་གཤེགས་སོ། །དེ་ནས་ཟླ་བ་གཅིག་དང་ཞག་གསུམ་ན་ཀེ་རི་བྱ་བའི་ཡུལ་དུ་སླེབས་ཙ་ན། གྲོགས་པོ་སྙུང་རེ་བ་འགྲོ་བ་ལ་འཚེར་ནས་འོང་མ་འདོད། དེར་རང་ཉིད་རྗེ་འབངས་གཉིས་ཀྱིས་བྱོན་ནས་ཞག་གསུམ་སོང་བའི་ལམ་དུ། མཧཱ་སྃ་གྷ་ལ་བྱ་བའི་ཟམ་པ་ཆེན་པོར་ཤོ་གམ་འདེད་པའི་ལམ་བསྲུང་པ་གྲོགས་མཆེད་གསུམ་ལ་མགྲོན་བུ་ལྔ་བརྒྱ་ཙམ་བྱིན་ནས་ནུབ་གཅིག་དེར་གཟིམས། སང་ཉིན་སྔ་མོ་ནས་ཟམ་པ་ཐོན་ཏེ་བྱོན་ནས། ལ་མཐོན་པོ་གཅིག་གི་གསུམ་གཉིས་ཙམ་དུ་ཕེབས་པའི་ཚེ། ཨ་ཕོ་བཀྲ་ཤིས་ནད་དྲག་པོ་