[A:༩༡བ]ཤུག་ཏུ་ཐུགས་དམ་ལ་བཞུགས། སོས་ཐུགས་དམ་ལས་ཐོན་ནས་སྙུང་ཝང་དུ་བྲེ་གསུམ་གྱི་ས་བོན་འགྲོ་བའི་བྲག་སྟེང་ཞིག་ཏུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བཞེངས་ནས། དེའི་དབུས་སུ་ཧོཾ་ཆེན་པོ་གཅིག་བརྩིགས་ནས་སྦྱིན་སྲེག་མཛད་པས། ལྷ་འདྲེ་དེ་དངོས་སུ་འོངས་ནས་སྲོག་སྙིང་ཕུལ། དེར་ལོ་ཙཱ་བའི་ཞལ་ནས་ཉེ་གནས་ཀུན་ལ་ཡུད་ཙམ་རྔ་མ་བརྡུང་བར་སྡོད་ཅིག་གསུངས་ནས་ཞིང་གཉའ་ཞིག་ཏུ་བྱོན་ཏེ། སྨན་ཛ་ལི་མ་རིའི་མདུན་ངོས་ཀྱི་ཏ་ལའི་ལོ་མ་གཅིག་བཅད་པས་ཕོ་འདོམས་གཉིས་གདའ་སྐད། སྨན་ཛ་ལ་མ་རིས་གསེར་གཞོང་ནོར་བུས་བཀང་ནས་ཕུལ་བ་གཙུག་ལག་ཁང་གི་འོག་ཏུ་གཏེར་དུ་སྦས། གཙུག་ལག་ཁང་དེར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞེངས། མཆོད་ཆ་དང་སྐུ་གསུང་ཐུགས་ཀྱི་རྟེན་གཞན་ཡང་མང་དུ་བཞུགས། ཁྱད་པར་བརྟེན་པ་པོའི་ཐུགས་རྗེ་ཆེན་པོའི་སྐུ་བལྟ་བས་ཆོག་མི་ཤེས་པ་ཞིག བྱང་ཆུབ་ཀྱི་ཤིང་