[A:༡༠བ]སོགས་ན་ཡོད་པ་ཡིན་ཏེ། དེ་ཉིད་ལས་འཇིག་རྟེན་པ་རྣམས་མོས་ཕོ་བསྐུལ་བ་ཡིན་པས། ཐོག་མར་མོའི་བོད་པ། ཨོཾ་རོ་རུ་སོགས་བཟླ་བར་བཤད་པ་དེས་རྟོགས་ནུས་པ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་རིགས་ཀྱི་སྒོ་ནས་དབྱེ་ན་ལྔ་སྟེ། སྐུའི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། འཕྲིན་ལས་ཀྱི་མགོན་པོའོ། །དེ་སྐད་དུ་ཡང་མགོན་པོ་ཁྲོས་པ་ལས། གདོད་ནས་གྲུབ་པའི་དུར་ཁྲོད་གནས། །མཁའ་འགྲོའི་དབང་ཕྱུག་མགོན་པོ་ཆེ། །སྐུ་གསུང་ཐུགས་དང་འཕྲིན་ལས་དང་། །ཡེ་ཤེས་ཡོན་ཏན་རིགས་ཀྱི་ལྷ། །ཞེས་གསུངས། དེ་ཡང་དང་པོ་ནི། བདེ་མཆོག་ཁྲོས་པ་མགོན་པོ་ཕྱག་བཞི་པ་སྟེ། འདི་ནི་མགོན་པོ་མངོན་པར་འབྱུང་བ་དང་། མགོན་པོ་ཁྲོས་པ་དང་། ཁྲག་མཚོ་ཁོལ་མའི་རྒྱུད་སོགས་བོད་དུ་འགྱུར་བའི་བཅུ་གཉིས་ཙམ་ནས་བསྟན་ཅིང་། ཀླུ་སྒྲུབ་ཡབ་སྲས། པདྨ་བཛྲ།