[A:༡༥ན]ནི་སྒྲ་ཤིན་ཏུ་མཁས་པ་ཤེས། བློན་པོའི་བུས་ནི་ཇི་ལྟར་བསླབས་ཀྱང་མ་ཤེས། དེ་ནས་ཁོང་གཉིས་ཡུལ་ཕྱོགས་སུ་ལོག་ནས་འོང་པའི་ལམ་བར་དུ་བྱིའུ་གཅིག་སྐད་མང་པོ་འབྱིན་པ་ལ་རྒྱལ་པོའི་བུས་བློན་པོའི་བུ་ལ། བྱིའུ་འདི་ཅི་སྐད་ཟེར་བ་ཡིན་དྲིས་པས་མ་ཤེས། རྒྱལ་བུ་ཉིད་ཀྱིས། ཁྱེད་གཉིས་ལ་ལམ་དུ་འཇིགས་པ་མི་འོང་ཕྱིན་པས་ཆོག་ཟེར་བར་འདུག་ཟེར། དེ་ནས་ཆུ་ཀླུང་ཞིག་གི་འགྲམ་ན་མར་འོང་ཙ་ན་ཤིང་ཨ་མྲའི་མེ་ཏོག་གཅིག་ཆུས་ཁྱེར་ནས་བྱུང་བས། སྦྲུལ་གཅིག་ན་རེ། བུ་ལྡིང་ཞེས་ཟེར་རོ། །རྒྱལ་བུས་དེ་ཇི་སྐད་ཟེར་བ་ཡིན་ཤེས་སམ་བྱས་པས། བློན་པོའི་བུ་ན་རེ། བདག་གིས་མ་ཤེས་རྒྱལ་བུས་མཁྱེན་ནམ་ཟེར་རོ། །རྒྱལ་བུ་ན་རེ། ཨ་སྨྲའི་མེ་ཏོག་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ཡིས་ཁྱེར། །ཞེས་ཟེར་བ་ཡིན་བྱས་པ་དང་། བློན་པོའི་བུའི་བསམ་པས། ངེད་གཉིས་སྒྲ་མཉམ་པོར་སློབ་ཏུ་འོངས་པ་ལས་ཁོ་ནི་