[A:༡༥༥བ]དེ་ཐམས་ཅད་ཀྱིས། ཡང་དག་དང་ཕུར་པ་ལ་ཐུགས་དམ་གྱི་མཐིལ་མཛད་པས་གྲུབ་པ་བརྙེས། ཆོས་སྐྱོང་དཀར་བདུད་ལྕམ་དྲལ་དང་། ཕུར་སྲུང་བཅུ་གཉིས་ལ་མཛད་པས་ནུས་པ་ཐོན་པ་ཤ་སྟག་བྱུང་། འཁོན་རོག་ཤེས་རབ་ཚུལ་ཁྲིམས་སྐུ་མཆེད་ཀྱི་སྐབས་སུ་སྔགས་པ་ཟ་འདོད་ཅན་མང་པོས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་མགོ་བརྙན་གྱོན། ཕྱག་མཚན་སོ་སོར་ཁྱེར། མ་མོ་རལ་པ་ཅན་གྱི་རྔ་སྟབས་དང་བཅས་ནས་ཁྲོམ་གྱི་དབུས་སུ་འཆམ་གྱིན་འདུག་པ། གཅུང་དཀོན་མཆོག་རྒྱལ་པོས་གཟིགས་ནས་གཅེན་ལ་ཞུས་པས། འཁོན་རོག་གི་གསུང་ལས། ད་གསང་སྔགས་འཆོལ་པར་སྤྱོད་པ་ཞེས་བྱ་བའི་དུས་བྱུང་བས། ད་ཕྱིན་ཆད་རྙིང་མ་ལ་གྲུབ་ཐོབ་མཚན་ཉིད་པ་དཀོན་པ་ཡིན། རང་ལ་ཡོད་པ་རྣམས་རང་ཉིད་དབང་ཆེ་བ་ཡིན་པས། རང་གི་དཔེ་ཆ་རྟེན་གསུམ་རྣམས་གཏེར་དུ་སྦེད་གསུངས་ནས་སྦས་པས། དཀར་བདུད་ཀྱི་ཆོ་འཕྲུལ་ཆེར་བྱུང་ནས། ཡང་ཕུར་གཉིས་ཀྱི་ཆོས་སྐོར་དང་། ཆོས་སྐྱོང་རང་གི་སྐོར་