[A:༡༦༠ན]གཅིག་འབྱོན་པར་འདུག་གསུངས། སྔོན་ཇོ་བོ་ཆེན་པོས་ཀྱང་ས་སྐྱ་ཡོངས་པའི་ཡུལ་ཕྱོགས་ལ་ཕྱག་མཛད་ནས། འདིར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་འབྱོན་པར་འདུག་གསུངས་པ་དང་མཐུན། འཇམ་དབྱངས་གྲུབ་ནས་གསན་སྦྱོང་ལ་མདོའི་ཕྱོགས་ནི། རོང་ངུར་སྨྲིག་གི་བྲང་ཏི་དར་མ་སྙིང་པོ། དེའི་ཟུར་ཆོས་པ་བླ་ཆེན་མི་དིག བྱང་ཆད་པ་ཁྱུང་རྣམས་ལ་ས་སྡེ་ལྔ་སྡོམ་གཉིས་ལ་སོགས་པ་ཆོས་མངོན་པ་མཐའ་དག་གསན། ཉང་སྟོད་པ་ཁྱུང་རིན་ཆེན་གྲགས། གྲོམ་པ་གཡུ་རྩེ་བ་མེས་ལྷང་ཚེར་ལ་ཚད་མ་རྣམ་ངེས། རིགས་ཐིགས། ཆོས་མཆོག་ཆེ་ཆུང་། དབུ་མ་རང་རྒྱུད་ཤར་གསུམ་ལ་སོགས་པ་དབུ་ཚད་མ་ལུས་པ་གསན། གནམ་ཁའུ་པ་ལ་བྱམས་ཆོས་བསླབ་སྤྱོད། དཀོན་བརྩེགས། ཕལ་ཆེན་ལ་སོགས་པ་སྤྱོད་ཕྱོགས་མ་ལུས་པ་གསན། སྔགས་ཀྱི་ཕྱོགས་ལ། ཡབ་དང་འཁོར་དགེ་ཆུ་བ་ལ་ཕ་ཆོས་ཡང་ཕུར་བདེ་དགེས་གསུམ་ལ་སོགས་པ་མ་ལུས་པ་དང་། བླ་མ་